མཚོ་སྔོན་ཞིང་ཆེན་པྲོག་དབྱིབས་གློ་བའི་གཉན་ཚད་སྔོན་འགོག་ཚོད་འཛིན་གཞུང་ལས་ཁང་གི《སྟོན་དགུན་པྲོག་དབྱིབས་གློ་བའི་གཉན་ཚད་གསོ་བཅོས་ཇུས་གཞིའི་》བརྡ་ཐོ་ལྟར། ཞིབ་བཤེར་དགོས་པའི་རིགས་ལ་ངེས་པར་ཞིབ་བཤེར་བྱེད་པ་དང་། པྲོག་དབྱིབས་གློ་བའི་གཉན་ཚད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་བ་དངོས་འབེབ་བྱེད་པ་དང་། ནད་པའི་བརྟག་བཅོས་བདེ་འཇགས་ཡོང་ཆེད། ངེད་སྨན་ཁང་གིས་ཚ་བ་རྒྱས་པའི་སྒོ་བསྟེན་ནད་པ་དང་། གསར་དུ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་པའི་ནད་པ། དེ་བཞིན་ནད་གཡོག་བཅས་ལ་པྲོག་དབྱིབས་ནད་དུག་ཉིང་སྐྱུར་ཞིབ་དཔྱད་བྱེད་རྒྱུ་ཡིན་པའི་འབྲེལ་ཡོད་ནང་དོན་གཤམ་གསལ་ལྟར་ཡིན།
གཅིག ཟླ༡༡པའི་ཚེས༤ཉིན་ནས་བཟུང་གསར་དུ་སྨན་ཁང་དུ་སྡོད་པའི་ནད་པ་དང་ནད་གཡོག་ཚང་མར་པྲོག་དབྱིབས་ནད་དུག་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དགོས།
གཉིས། སྨན་པས་ནད་པར་ཞག་སྡོད་ལག་ཁྱེར་འབྲི་སྐབས་ནད་གཡོག་ལ་ཉིང་སྐྱུར་ཞིབ་བཤེར་གྱི་འཛིན་ཤོག་འབྲི་དགོས།
གསུམ། ཞིབ་བཤེར་མི་ཡིས་རང་འགུལ་གྱིས་སྒོ་བསྟེན་དུ་གྲོན་དངུལ་སྤྲད་དེ་སྨན་ཁང་གིས་གཏན་འཁེལ་བྱས་པའི་ས་ཁོངས་སུ་ཉིང་སྐྱུར་གྱི་མ་དཔེ་ལེན་དགོས།
བཞི། ཞིང་ཆེན་གཞན་ནས་ཡོང་བའི་ནད་པས་གཏན་འབེབས་འདི་ངེས་པར་ལག་བསྟར་ནན་མོ་བྱེད་དགོས། གལ་ཏེ་སྡོད་གནས་སུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་ཡོད་ན། ཚད་ལེན་གོ་ཆོད་དུས་ཡུན་ཉིན་བདུན་ལས་བརྒལ་མི་ཆོག
ལྔ། ཞག་སྡོད་ཚན་ཁག་སོ་སོས་དོ་དམ་ནན་མོ་བྱས་ཏེ། ནད་གཡོག་མི་སྣ་ལ་ནད་གཡོག་གི་ལག་ཁྱེར་ཡོད་པ་དང་ཉིང་སྐྱུར་ཞིབ་བཤེར་འབྲས་བུ་སྲིབས་གཤིས་ཅན་ཡིན་ཚེ་ནད་ཁུལ་དུ་འགྲོ་རུ་བཅུག་ན་ཆོག
དྲུག ནད་པ་ཁམས་འདྲི་ལ་མི་འོང་བ་དང་། ནད་པ་རེ་ལ་ནད་གཡོག་གཅིག་ལས་བརྒལ་མི་ཆོག་པའི་སྒྲིག་ལམ་སྲུང་དགོས། ནད་ལྕི་ན་ཚན་ཁག་གི་གྲོས་མོལ་ལྟར་ནད་གཡོག་གཉིས་ལས་བརྒལ་མི་ཆོག
ཕྱོགས་སོ་སོ་ནས་ཕེབས་པའི་ནད་པ་རྣམས་ལ་བརྟག་བཅོས་བདེ་འཇགས་ཡོང་བའི་ཁོར་ཡུག་བསྐྲུན་ཆེད། ང་ཚོས་རིམས་ནད་སྔོན་འགོག་གི་སྒྲིག་ལམ་བཟོས་ནས་བརྟག་བཅོས་སྟབས་མི་བདེ་བར་བཏང་བ་ལ་དགོང་དག་ཡང་ཡང་ཞུ། །
མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།
༢༠༢༠ལོའི་ཟླ༡༡པའི་ཚེས༣ཉིན།