སྤྱི་ཚོགས་ཡོངས་སམ་རིགས་དང་ཕྱོགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་ཉིང་སྐྱུར་བརྟག་འདོད་ཤེས་འདོད་ཀྱི་དགོས་མཁོ་སྐོང་ཆེད་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་བབ་མཉམ་འགོག་ཕྱོགས་བསྡུས་ཚན་པས་བཏོན་པའི་༼པྲོག་དབྱིབས་ནད་དུག་གསར་བའི་ཉིང་སྐྱུར་བརྟག་བཤེར་རིམ་འགྲོས་ཇེ་མགྱོགས་སུ་གཏོང་བའི་ལག་བསྟར་བསམ་འཆར།༽ དེ་བཞིན་ཞིང་ཆེན་པྲོག་དབྱིབས་ནད་དུག་སྔོན་འགོག་བྱ་བའི་བཀོད་འདོམས་པུའི་༼གོམ་གང་མདུན་སྤོས་སྒོས་རྒྱུན་རྣམ་རིམས་བབ་སྔོན་འགོག་བྱ་བའི་བརྡ་སྦྱོར་༽ལ་སོགས་འབྲེལ་ཡོད་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་ལྟར། པྲོག་དབྱིབས་ནད་དུག་གསར་བའི་རིམས་བབ་སྔོན་འགོག་བྱ་བ་ཕྱོགས་གང་ཅིའི་ཐད་ནས་ལག་ལེན་དོན་འཁྱོལ་དང་། པྲོག་དབྱིབས་ནད་དུག་གསར་བའི་ཉིང་སྐྱུང་བརྟག་བཤེར་ལ་དེ་བས་ཤུགས་རྒྱབ་སྟེ། གཟབ་ནན་གྱི་སྒོ་ནས་རིམས་འགོས་ཉེན་ཚབས་ཆེ་བའི་མི་ཚོགས་ལ་དམིགས་པའི་༼བརྟག་འོས་ཀུན་ལ་བརྟག་པ་༽དང་། མི་ཚོགས་དཀྱུས་མར་དམིགས་པའི༼བརྟག་འདོད་ཀུན་ལ་བརྟག་པའི་༽བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཅིག་གྱུར་བཀོད་སྒྲིག་འོག ངེད་སྨན་ཁང་གིས༢༠༢༠ལོའི་སྤྱི་ཟླ་༡༢པའི་ཚེས་༧ཉིན་ནས་བཟུང་དངོས་སུ་སྤྱི་ཚོགས་ཡོངས་ལ་དམིགས་ཏེ་པྲོག་དབྱིབས་ནད་དུག་གསར་བའི་ཉིང་སྐྱུར་བརྟག་བཤེར་ཞབས་ཞུ་འགོ་བརྩམས་ཡོད་པས། དེའི་དོན་གཤམ་གསལ་ལྟར་ཡིན།
གཅིག བརྟག་དུས།
གཟའ་འཁོར་རེའི་རེས་གཟའ་ཟླ་བ་ནས་ཉི་མའི་བར། དུས་ཚོད།༨:༣༠ནས་༡༡:༣༠བར་དང་། ཕྱི་དྲོའི་དུས་ཚོད་༢:༠༠ནས་༥:༣༠བར་ཡིན།
གཉིས། བརྟག་གནས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།(ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ལྷོ་རི་ཤར་ལམ་གྱི་སྒོ་རྟགས་ཨང་༩༧པ།) ཚ་བརྟག་སར།
གསུམ། མ་དཔེ་བསྡུ་ལེན།
སྣ་གྲེའི་ལུད་འབྱར་རམ་གྲེ་ཕྱིས།
བཞི། བརྟག་རིན།
མི་རེའི་བརྟག་རིན་ལ་སྒོར་༡༢༠ ཡིན། དེ་ནི་༼མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའི་པྲོག་དབྱིབས་ནད་དུག་གསར་བའི་ཉིང་སྐྱུར་བརྟག་བཤེར་ལས་གཞིའི་བརྟག་རིན་མཛུབ་སྟོན་རིན་གོང་སྐོར་གྱི་བརྡ་ཐོ།༽(མཚོ་སྨན་འགན་ཅུའི་བསྒྲགས་ཨང་「༢༠༢༠」༡༠༢པ།) ལ་གཞིགས་པ་ཞིག་ཡིན།
ལྔ། བརྟག་འབྲས་འབུད་དུས།
གཟའ་འཁོར་རེའི་རེས་གཟའ་ཟླ་བ་ནས་སྤེན་པའི་བར་གྱི་སྔ་དྲོའི་ཆ་ལ་མ་དཔེ་ལེན་ཞིང་ཉིན་དེའི་ཕྱི་དྲོར་བརྟག་འབྲས་འབུད།
གཟའ་འཁོར་རེའི་རེས་གཟའ་ཟླ་བ་ནས་པ་སངས་བར་གྱི་ཕྱི་དྲོའི་ཆ་ལ་བླངས་པའི་མ་དཔེའི་བརྟག་འབྲས་ནི། དེའི་ཕྱི་ཉིན་གྱི་ཕྱི་དྲོར་འབུད་པ་ཞིག་ཡིན།
གཟའ་འཁོར་རེའི་རེས་གཟའ་སྤེན་པའི་ཕྱི་དྲོ་དང་རེས་གཟའ་ཉི་མར་བླངས་པའི་མ་དཔེའི་བརྟག་འབྲས་ནི། དེའི་ཕྱི་དང་གནང་ཉིན་གྱི་རེས་གཟའ་ཟླ་བའི་ཕྱི་དྲོར་འབུད་པ་ཡིན།
དྲུག མཉམ་འཇོག་བྱ་ཡུལ།
༡ རང་གི་སྡོད་དམངས་ལག་ཁྱེར་བཟུང་ནས་མི་དང་དཔང་ཡིག་ངོ་འཕྲོད་པའི་སྒོ་ནས་སྨན་ཁང་དུ་མིང་ཐོ་འགོད་དགོས་ཤིང་། ཚ་བརྟག་ས་ནས་ཨང་ཏར་པར་འདེབས་བྱེད་དགོས།
༢ ཉིང་སྐྱུར་བརྟག་མཁན་གང་དེའི་རང་ཉིད་ཀྱི་བདེ་ཐང་ཨང་བཤེར་སྟོན་དགོས་ཤིང་། ཁ་ཐུམ་རྒྱབ་ཏེ་སྡོད་དམངས་ལག་ཁྱེར་འཛིན་ཞོར་མི་གཞན་དང་བར་ཐག་སྨིས་༡གི་ཚད་ནས་སྒུག་དགོས།
༣ བརྟག་བཤེར་ལ་ཟས་སྐོམ་ཕྱོགས་ཀྱི་འཛེམ་བྱ་ཅང་མེད་ནའང་། ཁ་ནང་གཙང་མ་བྱ་རྒྱུ་བརྗེད་མི་རུང་། (ཆང་དང་ཐ་མག་མི་རུང་བ་ཡིན། )
༤ བརྟག་བཤེར་བྱས་མ་ཐག་གནས་དེ་དང་ཁ་བྲལ་ན་བཟང་། འདུག་མང་ན་སྨན་ཁང་ནས་ཕན་ཚུན་ལ་འགོས་རེས་འབྱུང་བའི་ཉེན་ཁ་ཡོད།
༥ གལ་ཏེ་བརྟག་འབྲས་ལ་གདགས་གཤིས་མངོན་ན། ངེད་སྨན་ཁང་ནས་དེ་མ་ཐག་བརྡ་རྒྱག་ངེས་ཤིང་དུས་ཐོག་ཏུ་རིམས་བབ་སྔོན་འགོག་གི་བླང་བྱ་ལྟར་སྨན་བཅོས་ལོགས་བཀར་སོགས་བྱེད་པ་ཡིན།
ཞེས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནས།
༢༠༢༠ལོའི་སྤྱི་ཟླ་༡༢པའི་ཚེས་༧ཉིན།