གཅིག སྒོ་ཕྱི་ལ་མགྱོགས་སྐྱེལ་དངོས་པོ་ལེན་པར་འགྲོ་དུས། ཁ་ཐུམ་ལེགས་པར་རྒྱག་པ་དང་གཅིག་སྤྱོད་ལག་ཤུབས་གྱོན་དགོས་ལ། མགྱོགས་སྐྱེལ་པ་དང་ཐུག་འཕྲད་མ་བྱས་ན་བཟང་། (ཁ་པར་ལས་མགྱོགས་སྐྱེལ་དངོས་པོ་གཏན་ཁེལ་གྱི་གནས་སུ་བཞག་ཡོད་ཟེར་ན། ཐུག་འཕྲད་མི་བྱེད་པའི་སྒོ་ནས་མགྱོགས་སྐྱེལ་ལེན་པ།)གལ་ཏེ་ཡུལ་དངོས་ནས་ཡི་གེ་བྲིས་ཏེ་ལེན་དགོས་ན། མགྱོགས་སྐྱེལ་པ་དང་ཐག་ཉེ་བའི་ཐུག་འཕྲད་དང་ཁ་བརྡ་མི་བྱེད་པ་དང་། རྨིད་གཅིག་ཡན་གྱི་བདེ་འཇགས་བར་ཐག་འཛིན་དགོས།
གཉིས། མགྱོགས་སྐྱེལ་དངོས་པོའི་ཕྱི་ཐུམ་ལ་ཐུག་རེག་མ་བྱས་པའི་སྔོན་དུ། 75%ཅན་གྱི་ཆང་བཅུད་དང་ཡང་ན84དུག་སེལ་གཤེར་ཁུ་གཏོར་ནས་དུག་སེལ་བྱེད་པའམ་ཡང་ན་གཅིག་སྤྱོད་ལག་ཤུབས་གྱོན་ནས་ཕྱི་ཐུམ་ལ་ཐུག་པ་ལས་ལག་པས་ཐད་ཀར་ཕྱི་ཐུམ་ལ་ཐུག་རེག་བྱེད་མི་ཉན།
གསུམ། སྒོ་ཕྱི་ནས་ཕྱི་ཐུམ་གཤགས་ཏེ་ནང་གི་དངོས་པོ་བླངས་རྗེས་ཕྱི་ཐུམ་ཁྱིམ་ནང་ལ་མ་འཁྱེར་ན་བཟང་།
བཞི། ཟས་རིགས་མ་ཡིན་པའི་མགྱོགས་སྐྱེལ་དངོས་པོའི་ཕྱི་ངོས་ལ75%ཅན་གྱི་ཆང་བཅུད་གཏོར་ནས། མགྱོགས་སྐྱེལ་དངོས་པོའི་ཕྱི་ངོས་ཚང་མ་རློན་པར་བསྒྱུར་དགོས་ཤིང་། དེ་ནས་རླུང་རྒྱུ་ས་ཞིག་ལ་བཞག་ནས་སྐར་མ་སུམ་ཅུའི་རིང་འཇོག་དགོས། ཟས་རིགས་ཡིན་ན་ངེས་པར་དུ་གཙང་མར་བཀྲུ་དགོས་ལ། སྔོ་ཚོད་དང་ཕག་ཤ བྱ་ཤ་སོགས་བཙོ་དགོས་པའི་ཟས་རིགས་བཙོས་ནས་ཚོས་ཡག་བྱ་དགོས།
རིམས་ནད་ཀྱི་སྐབས་འདིར་སྦྲག་དངོས་དང་མགྱོགས་སྐྱེལ་དངོས་པོ་འགོར་འགྱངས་བྱེད་པའམ་ཁེགས་པར་འགྱུར་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད་པས་ཀུན་གྱིས་སྦྲག་སྲིད་དང་མགྱོགས་སྐྱེལ་ཁེ་ལས་ཀྱི་དྲ་ཚིགས་དང་སྤྱི་སྟེགས་ཀྱི་ཁྱབ་བསྒྲགས་ལ་དོ་སྣང་བྱ་རྒྱུ་གལ་ཆེ།
来源:青海卫生与健康
རྩོམ་སྒྲིག་པ། འགྱུར་མེད་རྡོ་རྗེ། དོ་དམ་པ། འགྱུར་མེད་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། སྐལ་བཟང་རྡོ་རྗེ།
ལྟ་སྐུལ་བ། བསོད་ནམས་རིན་ཆེན།
སྤྱིའི་ལྟ་སྐུལ་བ། ལོ་བརྒྱ་ཚེ་རིང་།