中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར། > སྨན་ཁང་གསར་འགྱུར།

དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་རྟེན་གཞིའི་དཔེ་ཀློག་མུ་འབྲེལ་འཆད་ཁྲིད་སྐབས་བརྒྱད་པ་སྤེལ།


ཟླ་ཚེས:2023-06-15 17:05:53  བརྡབས་གྲངས།:  གཏོགས་ཡུལ:སྨན་ཁང་གསར་འགྱུར།



སྤྱི་ལོ༢༠༢༣ལོའི་ཟླ༤པའི་ཚེས༤ཉིན་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་ནད་ཐོག་སློབ་སྟོན་ཚན་ཁག་གིས། དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་རྟེན་གཞིའི་དཔེ་ཀློག་མུ་འབྲེལ་འཆད་ཁྲིད་སྐབས་བརྒྱད་པ་སྤེལ།



ཐེངས་འདིར་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་པ་འབུམ་རམས་གཞོན་པ་གནུབས་དོན་གྲུབ་ཚེ་རིང་ལགས་གདན་ཞུས་ནས་དུས་ཡུན་ཟླ་ཕྱེད་རིང་ ༼ གསོ་རིག་ཟིན་ཏིག་ཡང་ཏིག༽ གཞིར་བཟུང་དེ། གསོ་རིག་རྨང་གཞིའི་སྐོར་དང་ནད་ཐོག་ལག་ལེན། སྨན་རྫས་སྡེབ་སྦྱོར། ལུས་ཁམས་བདེ་སྲུང་སོགས་ཀྱི་ཕྱོགས་ནས་ཚིག་ཉུང་ལ་དོན་འདུས་པ། ཉམས་མྱོང་གིས་ཕྱུག་ཅིང་གནད་དུ་ཕུགས་པའི་སློབ་ཁྲིད་ལེགས་པོ་གནང་། 


རྒན་ཁོང་གིས་རང་ཉིད་ཀྱིས་བརྩམས་པའི་༼    བོད་ཀྱི་སྨན་དཔྱད།—འཕྲུལ་འཁོར་རྒྱ་སྟག་མཇིང་བསྣོལ།༽་ རྩོམ་པའི་དགོས་པ་དང་ཀུན་སློང་། ཉིང་དགོས་ནས་གླེང་བསླངས་ཏེ། རང་སྨན་ཁང་གི་དཀའ་བཅུ་སྨན་པ་ཡོངས་ལ་བསླབ་ པ་སློབ་གཉེར་དང་། ཐོས་པ་གནད་དུ་སྨིན་དགོས་ཚུལ་གྱི་གལ་ཆེའི་རང་བཞིན། ཁྱད་པར་གསོ་རིག་རྒྱུད་འཛིན་པ་ཞིག་ཡིན་ཕྱིན་གཞུང་ལུགས་དང་ནད་ཐོག་ལག་ལེན་ཟུང་འབྲེལ་སྒོས་ནད་གསོ་བར་གཉེན་པོ་སྨན་གཏོང་སྐབས་ཀྱི་ཁ་ཚར་ལག་ལེན་གྱི་གོ་དོན་སྤྱི་དང་། ཁ་ཚར་ལག་ལེན་གྱི་ཁྱད་པར་བ། སྨན་གྱི་ཚད་གཞི་དང་འཕེལ་འགྱུར་སོགས་གཞུང་གི་མདུན་རྒྱ་གྲོལ་ཞིང་ཁ་གསལ་ཁུངས་གཏུགས་པའི་ཚུལ་གྱིས་སློབ་ཁྲིད་གནང་།   གཞན་ཁ་ཚར་ཅན་དོན་བཞིའི་གྲངས་ངེས་པའི་དབྱེ་བ་གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་དཔེ་བཞིན་རེ་རེ་བཞིན་ངོ་སྤྲད་པ་དང་། འཕྲུལ་འཁོར་མཇིང་བསྣོལ་གྱི་ལྷན་ཐབས་སོགས་ཆད་ལྷག་མེད་པའི་སྒོ་ནས་ཁ་སྦྱོར་འཕྲུལ་འཁོར་གྱི་གནད་དང་དགོས་པ་བསྟན་པ་མ་ཟད། བོད་སྨན་སྲོལ་རྒྱུན་བཟང་བོ་ལེགས་པར་སྐྱོང་དགོས་པའི་བསླབ་བྱ་ཟབ་ཅིང་རྒྱས་པ་གནང་།





གོང་ངོས།:ཁྱིམ་སྡོད་འཕྲོད་བསྟེན་གྱི་གནད་འདི་དག ཁྱེད་ཀྱིས་ཤེས་སམ།

འོག་ངོས།:བོད་སྨན་སྨན་སྦྱོར་ཤེས་བྱ་ཐོར་བུ།

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部