中文版 | 藏文版
当前位置 - > 首页 > 新闻资讯 > 医院新闻

青海省藏医住培基地开展第三届“传承经典、衣钵相传”主题讲座


日期:2023-11-10 16:41:02  点击:  所在栏目:医院新闻

传承经典、衣钵相传


为不断促进藏医学人才队伍建设,进一步加强藏医住院医师规范化培训的教学质量,加强住培医师传承与学习藏医经典理论知识的能力,青海省藏医住培基地于11月10日,邀请本考教授和当增教授开展了《敦煌藏医药文献概论》和授《晶珠本草》为题的第三届传承讲座。共有200余名住培医师参加。

བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྒྱུད་འཛིན་དང་ཚད་ལྡན་ཅན་གྱི་ཆེད་ལས་མི་སྣ་སྐྱེད་བསྲིང་གི་དགོས་པར་དམིགས་ཏེ། མཚོ་སྔོན་ཞིང་ཆེན་བོད་ལུགས་དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་རྟེན་གཞིས་སྤྱི་ལོ་༢༠༢༣ལོའི་ཟླ་༡༡་པའི་ཚེས་༡༠་ཉིན། མགོ་ལོག་དབང་ཆེན་འབུམ་གྱི་སྨན་རམས་པ་ཏིང་འཛིན་ལགས་དང་ཀན་སུའུ་ཀྲུང་དབྱི་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་འབུམ་ཁོ་རྣམ་གཉིས་གདན་ཞུས་སྐབས་གསུམ་པའི་༼གསོ་རིག་རྒྱུད་འཛིན། རྗེས་རབས་བསྐྱེད་བསྲིང་། ༽ཞེས་པའི་བརྗོད་དོན་སྐོར་གྱི་འཆད་ཁྲིད་སྤེལ།




ཐེངས་འདིའི་འཆད་ཁྲིད་དུ་རྒན་ཏིང་འཛིན་ལགས་ནས་དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱི་ཤེལ་གོང་ཤེལ་ཕྲེང་ཕུན་སུམ་ཚོགས་པ་ལྔ་དང་སྦྱར་ཏེ་གཞུང་དེ་གའི་དཀའ་གནད་དང་སྨན་ངོས་འཛིན་གྱི་གས་གནད། བརྡ་ཆད་གཙོ་བོ། སྨན་སྦྱོར་གྱི་གཙོ་སྨན་དང་འཁོར་སྨན་ངོས་འཛིན་བྱེད་ཚུལ་སོགས་གཙོ་བོར་བཟུང་སྟེ་དཔེ་ཁྲིད་གནང་བ་དང་ལུང་ཁྲིད་སྦྲགས་མའི་སྒོ་ནས་གཞུང་ལུགས་ཀྱི་སྨན་སྦྱོར་སོགས་ཞིབ་ཕྲའི་ངོ་སྤྲོད་མཛད་པར་མ་ཟད། ནད་སྨན་སྤྲོད་ལུགས་སོགས་སློབ་ཁྲིད་བྱས།

རྒན་འབུམ་ཁོ་ལགས་ནས་ཏུན་ཧོང་ཡིག་རྙིང་དང་འབྲེལ་ཏེ་བོད་ཀྱི་གསོ་བ་རིག་པའི་བྱུང་འཕེལ་དང་། སྨན་བཅོས་ཉམས་མྱོང་། བརྡ་རྙིང་སོགས་ཡིག་ཚང་ཞིབ་འཇུག་གི་ཐབས་ལམ་སྣ་མང་ཅན་གྱི་སྒོ་ནས་དཀའ་བཅུ་སྨན་པ་ཡོངས་ལ་འཆད་ཁྲིད་གྱ་ནོམ་པ་གནང་ངོ་།།


分享到:
上一篇:我院举办第七批全国、第三批全省老中藏医药专家学术经验继承人培训班

下一篇:奋力拼搏展风采 “医”起同行向未来——青海省藏医住培基地举办住培医师趣味运动会

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部