中文版 | 藏文版
当前位置 - > 首页 > 科普教育

【科普】དོན་ལྔ་ལས་སྙིང་གི་མི་འཕྲོད་ས་དེ་གང་ཡིན་ཞེ་ན། 心脏最“害怕”什么?


日期:2024-12-27 16:55:13  点击:  所在栏目:科普教育


 སྙིང་། 


དོན་ལྔའི་ནང་གི་རྒྱལ་བོ་ལྟ་བུ་ཚེ་སྲོག་སེམས་ཀྱི་དབང་རྟེན་དུ་གྱུར་བའི་སྙིང་ནི་ཐང་ཤིང་བསླངས་བ་དང་འདྲ་བའི་སྲོག་རྩ་ནག་པོའི་སྟོད་ཀྱི་ཆར་གནས་ཤིང་ཁྱབ་བྱེད་རླུང་གི་བྱེད་ལས་ལ་བརྟེན་ནས་རླུང་ཁྲག་རྣམས་རིམ་བཞིན་རྩ་ཆེན་བརྒྱུད་དེ་ཕྲ་བ་ལོ་མའི་རྩ་ལྟ་བུ་དང་འབྲེལ་ཞིང་དྭངས་མ་རྣམས་རང་རང་གི་གནས་སུ་འདྲེན་པར་བྱེད་པ་ཡིན་པས། སྟག་ཚང་ལོ་ཙྰ་བས། བདག་འཛིན་དྲན་པ་གསལ་བའི་རྟེན།། སྲོག་རྩ་ནག་པོའི་སྟོད་ཀྱི་ཆར།། བེ་དེའི་འབྲས་བུའི་སྙིང་བོ་ལྟར།། གནས་པས་སྙིང་ཞེས་བཤད་པ་ཡིན།།ཅེས་དང་གོང་སྨན་པས།སྙིང་ལ་གནས་པའི་ཁྱབ་བྱེད་ཀྱིས།།ལས་རྣམས་སྤྱི་དང་ཁྱད་པར་དུ།།སྙིང་གི་བུ་ག་འབྱེད་འཛུམ་བྱེད།།ཇི་ལྟར་སྦུད་པས་རླུང་འབུད་བཞིན།།ཁྲག་རྣམས་བུ་གར་འདྲེན་ཞིང་གཏོར།།དེ་ཚེ་ལུས་ཀྱི་ཆ་ཤས་ཀྱི།།རྩ་ཡང་ལྷན་ཅིག་འཕར་བར་བྱེད།།ཞེས་གསུངས་ཡོད།

གནས་ས། ནུ་མ་གཉིས་ནས་ནང་དུ་ཚོན་རེ་བསྐུམ།། སྐེ་སྟོང་སོར་བཞིའི་འོག་ཏུ་ཐིག་གདབ་པའི།། གྲུ་གསུམ་དབུས་ནི་སྙིང་གི་ཡུལ་ཐིག་ཡིན།


      སྙིང་སྐྲག་ས།     

སྙིང་ནི་སྐྲག་སྐྲག་ཚྭ་ལ་སྐྲག ། 

ཚྭ་ཡིས་མི་ཚད་ཚིག་ཇ་དང་། ། 

ཆང་དང་གླང་དམར་ལ་སོགས་པའི། ། 

སྙིང་རླུང་སློང་བྱེད་ཀུན་ལ་སྐྲག ། 






རྩོམ་ཞུས།   ཤིན་ཞའོ་ཀོང་།

审 核: 辛晓光

རྩོམ་ཁུངས། ཁོང་ནད་ཚན་ཁག
供 稿:综合内科
རྩོམ་སྒྲིག  དྲིལ་སྒྲོག་འཐབ་གཅིག་ཚན་ཁག

编 辑:宣传统战科


分享到:
上一篇:【关注】青海省藏医院被确定为“青海省中(藏)医药文化宣传教育基地”

下一篇:【科普】压疮预防小贴士

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部