中文版 | 藏文版
当前位置 - > 首页 > 科普教育 > 科普园地

【科普】དོན་ལྔ་ལས་གློ་བའི་མི་འཕྲོད་ས་དེ་གང་ཡིན་ཞེ་ན། 肺最“害怕”什么?


日期:2025-01-06 17:15:42  点击:  所在栏目:科普园地


肺最“害怕”什么?


  གློ་བ།  

 དོན་ལྔའི་ཡ་གྱལ་གློ་བ་ནི་རླུང་ཁམས་ཀྱི་དྭངས་མའམ་བཅུད་རྣམས་བསྡུ་བའི་རྟེན་དང་།ཕྱི་ནང་དབུགས་ཀྱི་རྟེན་དུ་གྱུར་བའི་བྱ་བ་བྱེད་པ་དང་། བྱེད་ལས་ཀྱི་དབང་དུ་གློ་བ་ནི་རྩའི་དྲ་ཐུམ། དབུགས་ཀྱི་རྟེན། སྣབས་དང་ངར་སྣབས་ཀྱི་འབྱུང་གནས། དྲིའི་སྒོ་སོགས་ཡིན།དེ་ལས་གློ་བ་བུ་ལྔ་ནི་སྙིང་གི་མདུན་དུ་གནས་ཏེ་རྒྱལ་བོའི་སྲས་ལྟར་ཡུལ་གཉན་ཅིང་དྲུང་དུ་གནས་ལ།མ་ལྔ་རྒྱབ་ཏུ་གནས་ཏེ་བློན་པོ་ལྟར་གྱི་རྒྱབ་ནས་སྐྱོར་བའི་ཚུལ་དང་འདྲ་བ་ཡིན།

  འབྲེལ་འབྱོར།  

   དགོས་འདོད་ཀུན་འབྱུང་ལས། གློ་བ་ནི་དབུགས་ཀྱི་རྟེན་ཡིན་ལ།དེ་དང་ལོང་གིས་བསྡུས་པའི་ཟས་རོ་གསོག་པའི་སྣོད་ཡིན་པའི་ཕྱིར་གློ་བ་དང་། ལོང་གཉིས་འབྲེལ་ལོ། ཞེས་གསུངས། 

  ཡུལ་ཐིག   

ནུ་མ་གཉིས་ནས་ཐུར་དུ་སོར་གང་བཅལ།། དེ་ནས་ཕྱིར་ལ་ཚོན་གང་བཅལ་བ་ནས།། སྐེ་སྟོང་ཙ་ར་ཁུང་དུ་ཐིག་གདབ་པ།། གློ་བ་མ་ཡི་མཐའ་ཆགས་གནས་པ་ཡིན།། སྟེང་ཐུར་ཚོན་གང་གཉིས་ཡིས་ངོས་བཟུང་ལ།། སྐེ་སྟོང་ཙ་ར་ཁུང་དུ་ཚོན་གང་ས།། ནུ་སྟེང་ཚོན་གང་བཅལ་སར་ཐིག་གདབ་པ།། གློ་བ་མ་ཡི་མཐའ་ཆགས་གནས་པ་ཡིན། དེ་ནས་ཕྱིར་ལ་ཚོན་རེ་གྲུ་གསུམ་གདབ།། གཡས་གཡོན་ཆ་བཞི་རྩེ་དང་ལྔར་ཕྱེ་ནས།། རྩེ་ནས་རིམ་བཞིན་མཛོ་སྣ་བྱ་སྒབ་དང་།། ཐུགས་ཁབ་རྟེ་མིག་དགྲ་ལྕེ་སྙིང་ལ་བསྐོར།། གློ་བུ་སྙིང་གི་ཡུལ་དུ་འདོད་པ་ཡིན།

 འདྲ་དཔེ།  


གློ་བ་མ་ལྔ་ནང་གི་བློན་པོ་འདྲ།། གློ་བ་བུ་ལྔ་རྒྱལ་བོའི་སྲས་དང་འདྲ།། ཞེས་དང་། གཙང་སྟོད་མཁས་པས། གློ་བ་མ་ནི་བྱ་རྒན་ཉི་འདེ་འདྲ།། གློ་བ་བུ་ནི་བྱེ་ཕྲུག་ཆན་བཅུག་འདྲ།། ཞེས་གསུངས། དེ་མིན་གློ་བ་ནི་རྩའི་དྲ་ཐུམ་ཡིན་པ་འདྲ་དཔེའི་སྒོ་ནས། གློ་ཡི་ནང་རྩ་སོག་ཕོན་ལྤགས་གཡོག་འདྲ།། ཞེས་སོགས་མང་དུ་འབྱུང་ངོ།






                              གློ་བ་སྐྲག་ས།  

             གློ་བ་སྐྲག་སྐྲག་ས་མཐོ་དང་། ། 

                 དུ་བ་རླངས་འཁོར་མཇུག་རླངས་སོགས། ། 

                 ཁོར་ཡུག་འབག་བསླད་ཐེབས་ས་ཡི། །

                 འཚོ་རླུང་དག་མ་སྲབ་སར་སྐྲག ། 

     




索南达杰

副主任医师

综合内科主任

学科带头人

第七批全国老中藏医药专家学术经验继承人


主要擅长呼吸系统疾病、泌尿系统疾病、内分泌系统疾病的诊治;对高血压、肺心病、慢阻肺、尿毒症、肾病综合征、肾炎、甲状腺功能亢进、糖尿病、男性性功能障碍等内科疾病及疑难杂症有丰富的诊治经验。


分享到:
上一篇:【医术】泻肝疗法སྦྱོང་བྱེད།

下一篇:【科普】牙齿正畸的重要性 སོ་ཡ་མ་གཟུགས་ཇེ་དྲང་དུ་གཏོང་བའི་དགོས་གལ་རང་བཞིན།

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部