中文版 | 藏文版
当前位置 - > 首页 > 科普教育 > 科普园地

【科普】藏医足浴小常识


日期:2025-11-07 10:57:05  点击:  所在栏目:科普园地

藏医足浴小常识

一、什么是藏医足浴?

藏医足浴——是用热水或根据配方加入藏药材的汤水来浸泡双脚。通过水温、水压以及药物的协同作用刺激足部的反射区和经络,从而达到养生保健、防治疾病和放松身心的目的。

藏医足疗图片制作.png

二、足浴的主要好处

01促进血液循环,改善手脚冰凉:

足部是离心脏最远的部位,血液循环相对较差。热水泡脚可以扩张足部血管,提高皮肤温度,从而促进全身血液循环,有效改善手脚冰凉的症状。

02缓解疲劳,深度放松:

对于长时间站立、行走或工作劳累的人群,泡脚能极大地放松紧绷的肌肉和神经,缓解下肢酸痛,帮助身体进入休息状态,改善睡眠质量。

03刺激穴位,调理脏腑:

根据藏医理论,人体足部分布着60多个穴位和与全身脏腑器官相对应的反射区。泡脚相当于对这些穴位和反射区进行温和的刺激,可以起到调理内分泌、增强脏腑功能的作用。

三、如何进行科学的足浴?

要获得最佳效果,需要注意方法和细节:

水温:不是越烫越好——通常控制在40°C左右为宜,以感觉温热舒适、微微出汗为佳。可以用手肘测试,感觉不烫手即可。

时长:一般建议15-30分钟——时间太短效果不佳,时间过长则可能导致血液循环过快,引起心慌、头晕等不适;

水深:最好能没过脚踝——到达小腿处,这样才能充分刺激到三阴交等关键穴位。

时间选择:最佳时间为晚上9点左右——此时是肾经气血较衰弱的时辰,泡脚能增加身体热量,促进血液循环,有助于睡眠。

避免时段:饭后半小时内——不宜立即泡脚,以免影响消化。

ཙོག་ལུམས་སྐོར་གྱི་རྒྱུན་ཤེས་ཕྲན་བུ། 

གཅིག ཅི་འདྲ་ཞིག་ལ་ཙོག་ལུམས་ཟེར། 

སྤྱིར་ལུམས་ཞེས་པ་བརླན་པའི་དོན་དང་། ཙོག་ལུམས་ཞེས་པ་ནི་བདུད་རྩི་ལྔ་གཙོ་བྱས་པའི་ནད་རིགས་སོ་སོའི་ཁ་འཛིན་གྱི་སྨན་སྣ་དག་ཆུ་རུ་བཙོས་ནས་སྨན་ཁུ་འདོན་པ་དང་། ཚ་དྲོད་རན་པའི་སྨན་ཆུ་དྲོན་མོ་རུ་ལུས་ཀྱི་བཅའ་གཞི་ཙོག་པོར་བསྡད་དེ་རྐང་འགོ་ནས་པུས་ཚིགས་བར་ལུམས་སུ་ཞུགས་ནས་ནད་རིགས་གསོ་བཅོས་བྱེད་པའི་བཅོས་ཐབས་ལག་ལེན་ཞིག་ཡིན་ནོ།།

藏医足疗图片制作.png

གཉིས་པ། ཕན་ནུས།

༡ ཁྲག་རླུང་གི་འཁོར་རྒྱུགས་ཇེ་ལེགས་སུ་བཏང་ནས་ལུས་སྨད་གྲང་ཞིང་རྐང་པ་གཡོ་བའི་ནད་རྟགས་ལ་ཕན་ནུས་ཆེན་པོ་ཐོན།

༢  ལུམས་ཀྱིས་རླུང་འདུལ་ཞིང་ཚ་རླངས་ཆུ་སེར་བ་སྤུར་འདོན་པས་རྐང་པའི་ཚིགས་གཞི་ན་ཞིང་སྐྲངས་པའི་རིགས་ལ་ཕན་ནུས་ཆེ་ཆེར་ཐོན་སྲིད།

༣  བདུད་རྩི་ལྔ་ལས་ཤུག་པ་ལ་སྲིན་སེལ་བའི་ནུས་པ་དང་མཁན་པ་ལ་རྨ་རྒན་གསོ་བའི་ནུས་པ་ལྡན་པས་གཅིན་སྙི་ཟ་ཁུའི་བླ་གཉན་ཐོར་པའི་རིགས་ལ་ཕན་ནུས་ཆེ་ཆེར་ལྡན།

༤ བདུད་རྩི་ལྔ་ལས་འོམ་བུ་ལ་དུག་ཚད་རྙིང་པ་ལུས་ལ་ཞེན་ཞིང་བྱེར་བ་རྣམས་བསྡུ་ཞིང་གསོད་པའི་ནུས་པ་དང་ལྡན་པས་ལུས་ཀྱི་དུག་ཚད་དབྱུང་ཞིང་ངལ་དུབ་སེལ་བའི་ནུས་པ་ཆེ་ཆེར་ལྡན།

༥ རྐང་མཐིལ་ནི་རླུང་སྒོ་ཡིན་པས་གནས་དེ་རུ་ཆུ་ལུམས་བྱས་ན་སེམས་ཁམས་དྭངས་ཞིང་མཚན་གཉིད་འཕེལ།

གསུམ་པ། བཙོག་ལུམས་བྱ་ཐབས་དང་འཛེམ་བྱ།

༡ སྨན་ཆུའི་དྲོད་ཚད་སྤྱིར་བཏང་དུ་ཏུའུ༤༠ཡས་མས་ཡིན་པ་དང་། ནད་པ་སོ་སོའི་རེག་བྱའི་ཚོར་བར་གཞིགས་ནས་སྨན་ཆུའི་དྲོད་ཚད་གང་ལ་གང་མཐུན་བྱ་ཆོག

༢ ལུས་ལ་འདུག་ཡུན་སྤྱིར་བཏང་སྐར་མ༢༠--༣༠བར་ཡིན་པ་དང་། དེ་ལས་རིང་ན་ཁྲག་གི་འཁོར་རྒྱུགས་ཇེ་མགྱོགས་སུ་སོང་ནས་སྙིང་གཡུགས་པ་དང་དབུགས་འཚངས་བ་སོགས་ཀྱི་རྟགས་འབྱུང་སྲིད།

༣ ལུམས་རྗེས་སུ་ལས་རས་སོགས་ཀྱིས་ལུམས་གནས་གཙང་མར་ཕྱིས་ནས་སྐམ་པོར་བཟོ་དགོས།

༤ ལུམས་རྗེས་སུ་གྲང་བའི་ཟས་སྤྱོད་ལ་འཛེམ་དགོས།

རྩོམ་ཞུས།   ཤིན་ཞའོ་ཀོང་།

审 核: 辛晓光

རྩོམ་ཁུངས། མཁལ་ནད་ཚན་ཁག
供 稿:肾病科
རྩོམ་སྒྲིག  དྲིལ་སྒྲོག་འཐབ་གཅིག་ཚན་ཁག

编 辑:宣传统战科

图片



分享到:
上一篇:【科普】别忽视肾动脉的彩超检查!—— 一次检查,为您的“生命过滤器”保驾护航

下一篇:【科普】藏医带您了解痛风!

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部