
一、肝硬化的发病机理
肝硬化在藏医学中属于“肝木布”范畴, 具有“木布血瘀”病机特点,由培根、查、赤巴、隆等紊乱引起的坏血和热邪长期在肝内淤积而形成,同时肝脏肿大或硬化。
我国约40%的肝硬化患者存在食管胃底静脉曲张,年出血风险达15%。一旦曲张静脉破裂,可能引发呕血、黑便甚至失血性休克。因此,科学管理饮食起居是预防出血、延缓病情进展的关键。

二、饮食管理:核心原则是“精而易消化、质地软,性温和”
1.食物选择:多应选择嫩肉丝、肉沫、豆腐、鸡蛋羹等高蛋白食物,选蔬菜时要将芹菜、竹笋等切碎煮烂或榨汁饮用;避免生食黄瓜、胡萝卜等脆硬蔬菜。水果最好去皮榨汁或制成果泥后食用。
2.烹饪方式:禁用煎炸,高温煎炸会使食物表面形成硬壳,增加划伤风险。建议采用蒸、煮、炖等低温烹饪方式,药物也需磨粉后服用。
3.营养搭配:要注重优质蛋白与低盐的平衡。
4.进食习惯:应少食多餐,细嚼慢咽。
忌辛辣刺激和油腻、坚硬的食物及剩饭,绝对戒酒。
三、起居管理:避免“压力”与“刺激”
1. 休息与活动:拒绝剧烈运动。
睡眠:每日保证7—8小时高质量睡眠,避免熬夜。
活动:应以散步等低强度运动为主,避免举重、跑步等增加腹压的运动。
2. 情绪管理:要保持心情平和,远离焦虑与愤怒。
3. 戒烟。

མཆིན་ཁྲག་སྨུག་པོ་རྒྱས་པ་ནི་རྒྱུ་བད་ཀན་དང་ཁྲག མཁྲིས་པ། རླུང་བཅས་འདུས་པ་གཞི་བྱས་རྐྱེན་ཚ་གྲང་གང་རུང་ལ་བརྟེན་ནས་སྨུག་པོའི་རང་གནས་མཆིན་པའི་གནས་སུ་ངན་ཁྲག་རྒྱས་པའི་ནད་ཅིག་སྟེ། གཙོ་བོ་ཕོ་བ་དང་མཆིན་པ་གཉིས་ཀྱི་ཁ་འཁོར་ནས་ན་བ་དང་། རོ་སྟོད་མདུན་རྒྱབ་སྦྲགས་ནས་ན་བ། ལུས་ལྕི་སྙམ་བྱེད་པ། དང་ག་མི་བདེ་བ། ཕོ་བ་སྦོས་བརྒྱངས་བྱེད་པ། མགོ་དང་མིག་རུས་ན་ཞིང་མཚོགས་མ་ལྕི་སྙམ་བྱེད་པ། མེ་དང་ཉི་མས་དྲོས་ཚེ་ཁྱད་པར་དུ་ན་བ། ཟས་སུ་རུལ་སྐྱུར་རིགས་དང་སྤྱོད་ལམ་དྲག་ཤུལ་རྗེས་ལ་ནད་ལྡང་བ་བཅས་མངོན། གཞོགས་འདེགས་བརྟག་དཔྱད་ཀྱི་ཚོན་འཕྲོ་ལས། མཆིན་པའི་ངོ་བོ་ཅུང་སྲ་བ་དང་། མཆིན་པའི་རྩ་བོ་ཆེ་ཆེར་རྒྱས་པ། མཆེར་པ་ཆེར་རྒྱས་པ། CT་དང་ཕོ་ཤེལ་བརྟག་དཔྱད་ལས། ཕོ་བ་དང་མིད་པའི་ཁྲག་རྩ་མངོན་གསལ་དོད་པོ་ཆགས་པ་དང་ཡང་ན་ཆེར་རྒྱས་པ་བཅས་ཀྱི་ནད་འགྱུར་མངོན། གལ་ཏེ་གོང་གི་ནད་རྟགས་དང་བརྟག་འབྲས་དག་མངོན་དུས་གཤམ་གྱི་ཟས་སྤྱོད་སྤང་བླང་དག་ལེགས་པར་ངེས་དགོས་ཏེ།
ཟས་སྐོམ་སྤང་བླང་སྐོར།
བླང་བྱ། གསོ་རིག་རྒྱུད་བཞི་ལས། ཉ་དང་ཕག་པ་གྲ་མའི་ཤ་གསར་དང་།།མཛོ་ཡི་ཞོ་དར་གནའ་དགོ་བ་ལང་ཤ།སྲན་མ་ཇ་དང་བསྐོལ་གྲངས་ཆུ་ལ་སོགས།།སྨུག་པོ་ཚ་བ་རྒྱས་པའི་ཟས་སུ་བཤད།།དྲོད་བཅུད་དྲག་ཤུལ་ཀུན་ཏུ་སྤང་བར་བྱ།།ཞེས་གསུངས་པ་ལྟར། ཉ་ཤ་དང་ཕག་ཤ བྱ་སྒོང་། སྲན་སྐྱོ་སོགས་སྤྲི་དཀར་འདུས་ཚད་མང་བའི་ཟས་རིགས་དང་། འཚོ་བཅུད་རྫས་འདུས་ཚད་མང་བའི་སྔོ་ཚོད་རིགས་ཚོས་ཐག་ཆོད་པར་བསྟེན་པ། ཤིང་ཏོག་རིགས་བསྟེན་དུས་ཁུ་བ་བཏོན་ནས་འཐུང་བ། ཟ་མ་གཡོས་སྦྱོར་བྱ་དུས་རླངས་བཙོས་སམ་ཡང་ན་ཆུར་གདུས་ནས་བསྟེན་ན་ལེགས། ཟས་སྐོམ་རིགས་ཁོང་དུ་བསྟེན་དུས་ཚན་དེས་མི་རུང་བར་རྩེ་འཇམ་བསྟེན་པ། ཚྭ་རིགས་ཉུང་ངུ་དང་། ཇ་ཐུན་མང་ལ་ཟས་ཉུང་ངུར་བསྟེན་པ། མདོར་ན་ཟས་སྐོམ་ཡང་ལ་འཇུ་སླ་བ་དང་བསིལ་དྲོད་སྙོམས་པའི་རིགས་འཕྲོད།
སྤང་བྱ། ཟས་སྣུམ་ལྕི་དྲག་པོ་དང་། བསིལ་དྲོད་དྲགས་པ། སྲ་མཁྲེགས་གྱོང་པོའི་རིགས་སྤང་དགོས་པ་སྟེ། དཔེར་ན་སྐམ་ཤ་དང་ལུག་ཤ་ཚོན་པོའི་རིགས་དང་། འཁྱག་ཟས། ཆང་དང་སུར་པན་ཏེ་ཚ་སྐྱུར་རིགས།
ཤ་སྐམ། རྗེན་ཟས། བསྲེག་ཟས། མ་ཚོས་པ། བཙོས་ནས་ཡུན་ལོན་པའི་ཟས། ཟས་ལྷག་རིགས་སོགས་སྤང་། གཞན་བོད་སྨན་རིལ་བུའི་རིགས་བསྟེན་དུས་ཕྱེ་མར་བཏགས་ནས་ཁོང་བསྟེན་བྱས་ན་ལེགས།
སྤྱོད་ལམ་གྱི་སྤང་བླང་།
ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་དྲག་པོའི་རིགས་སྤང་བ། ཐ་མག་གཅོད་པ། སེམས་ཁམས་སྙོམས་པོར་གནས་པ། གཉིད་མི་ཆག་པ། འགུལ་སྐྱོད་རན་ཙམ་བྱེད་པ།
མཆིན་ཁྲག་སྨུག་པོ་རྒྱས་པའི་སྐབས་ཟས་སྤྱོད་ཀྱི་སྤང་བླང་མ་ཤེས་པར་ལོག་པར་བསྟེན་ན། སྨུག་པོ་གྱེན་ཐུར་གཉིས་སུ་རྡོལ་ཉེན་ཆེ་བས་ཟས་སྤྱོད་ཀྱི་འཛེམ་བྱ་ལེགས་པར་ངེས་དགོས།
རྩོམ་ཞུས། ཤིན་ཞའོ་ཀོང་།
审 核: 辛晓光
编 辑:宣传统战科

