མཁལ་མ་འོར་ལྷུང་ནད་ཀྱི་ངོ་བོ།
མཁལ་མ་འོར་ལྷུང་ནི་གཙོ་བོ་མཁལ་མའི་ཟགས་འདོར་གྱི་ནུས་བ་ཉམས་ཞན་ཆགས་ནས་བསྐྱེད་པའི་ཕྱོགས་འདུས་རང་བཞིན་གྱི་ནད་ཅིག་ཡིན།
དེའི་དབྱེ་བ་ལ་རང་རྒྱུད་ཅན་དང་གཞན་རྒྱུད་ཅན་གཉིས་ཡོད། རང་རྒྱུད་ཅན་ནི་གཞན་གྱི་དབང་དུ་མ་གྱུར་བར་མཁལ་མ་ནད་འགྱུར་བྱུང་ནས་བསྐྱེད་པ་སྟེ་མཁལ་མར་ཚ་བ་ཞུགས་པ་ལྟ་བུ། གཞན་རྒྱུད་ཅན་ནི་སྔར་ཡོད་ནད་ཀྱི་སྟེང་ཕྱིས་ནད་མཁལ་མ་འོར་ལྷུང་བསྐྱེད་པ་སྟེ་གཅིན་སྙི་ཟ་ཁུ་བཅོས་ཉེས་ནས་བསྐྱེད་པ་ལྟ་བུ།