中文版 | 藏文版
当前位置 - > 首页 > 科普教育 > 科普园地

【科普】“幕其吉曼”:食道癌患者的藏医调理良方མིད་འཆུས་སྤྱི་སྨན་གྱིས་མིད་འབྲས་ནད་གསོ།


日期:2025-11-27 16:33:46  点击:  所在栏目:科普园地
        




“幕其吉曼”:

食道癌患者的藏医调理良方

一、方剂核心背景

藏药“幕其吉曼”是藏医临床中应用于肿瘤调理的经典制剂,是由经验丰富的藏医医师依据《四部医典》理论辨证开方。由石灰(热制)、天竺黄、红花、麝香、熊胆、诃子等数十味道地藏药材,经传统炮制工艺精制而成,是“温通经络、调和三因”理论的典型应用。

二、食道癌调理核心优势
1、调和三因,标本兼顾

藏医学认为,食道癌的核心病机是“隆、赤巴、培根”三因失衡,导致食道脉络瘀阻、精微不布。“幕其吉曼”通过精准配伍可实现三重作用:降隆调气:缓解吞咽梗阻、胸胁胀痛等核心症状;清热化浊:改善恶心呕吐、口干咽痛等并发症;健脾益精:靶向补养肿瘤消耗导致的体质虚损,实现 “治病+养身”双重目标。

2、药力醇厚,缓养正气

采用藏药传统蜜炼工艺,有效成分浓度高且药性温和持久,每日服用2-3次,即可持续发挥药效。这种“缓养”模式非常适合食道癌患者术后或放化疗后的慢性虚损状态,既能避免强效药物对胃肠道的刺激,又能逐步修复受损的脏腑功能,契合藏医“久病虚劳,缓养正气”的调理原则。

3、口感温润,便于服用

制剂呈散状,口感甘润醇厚,相较于传统藏药散剂,大大降低了苦涩感,解决了食道癌患者因吞咽功能受损而“吃药难”的问题,更易长期坚持服用。

4、制备精良,携带无忧

一瓶可服用1—2个月,无需每日煎煮;支持冲服或含服,方便需频繁复查、身体虚弱的患者日常携带,节省调理时间与精力。

三、科学调理注意事项

1、辨证用药:需由专业藏医医师根据患者体质、病情阶段辨证用药,不可自行盲目服用。

2、饮食搭配:服用期间避免辛辣、油腻、生冷食物,建议易消化清淡饮食,减少食道刺激。

3、观察反应:若服用后出现轻微腹胀、腹泻等不适,可及时咨询医师调整剂量。

4、联合调理:可配合藏医针灸、艾灸等外治疗法,同时保持规律作息和积极心态,提升调理效果。

image.gif



མིད་འཆུས་སྤྱི་སྨན་གྱིས་མིད་འབྲས་ནད་པ་བཅོས་ཚུལ།

རྒྱུད་ལས། །འགྲམས་འཁྲུགས་ཁ་ཟས་མ་སྨིན་པས།། ངན་ཁྲག་རྒྱས་ཏེ་རླུང་གིས་བསྒྲིལ་ནས་འབྱུང་།། ཞེས་པ་ལྟར། རྒྱུ་རྐྱེན་གང་རུང་ལ་བརྟེན་ནས་ནང་གི་འདུ་བ་འཁྲུགས་ཏེ་ཁྲག་ངན་རྒྱས་པ་དེ་རླུང་གིས་བསྒྲིལ་བས་ལུས་ཀྱི་གནས་གང་རུང་དུ་སྐྲངས་པ་བེ་འབྲས་ལྟར་སྲ་ཞིང་མཁྲེགས་པར་འགྱུར་བའི་ནད་གདུག་པ་ཅན་ལ་འབྲས་ནད་ཞེས་བྱས་སྟེ། རྨ་དེས་མིད་པའི་གནས་སུ་བབས་ནས་ནད་འགྱུར་བྱུང་བ་ལ་མིད་འབྲས་ཟེར་ཞིང་རྟགས་སུ་ཟས་སྐོམ་མི་ཐར་ཞིང་རིམ་བཞིན་སྡུག་ཏུ་ཕྱིན་ནས་མཐར་ཆུ་ཡང་མིད་མི་ཐུབ་པ་དང་། ཟུངས་ཁྲག་ཟད་པ། ལུས་སྟོབས་ཧ་ཅང་ཉམས་ཞན་དུ་གྱུར་བ་ཞིག་ཡིན། 

ཁོང་འབྲས་ནི་སྙིང་སོགས་དོན་སྣོད་ཀྱི་ཡུལ་གང་རུང་གི་གནས་སུ་འབྱུང་ངེས་ཤིང་། ནད་ཀྱི་རྒྱུའི་ངོས་ནས་བརྗོད་ན། གཙོ་བོ་ཟས་སྐོམ་ཐོག་མར་མྱགས་ཞུ་དྭངས་སྙིགས་བྱེད་སའི་སྣོད་སྟེ། ཕོ་བའི་ཡུལ་དུ་འབྱུང་བ་ཡིན། དེ་ཡང་ཕོ་བ་དང་མིད་པའི་འབྲེལ་མཚམས་དང་། ཕོ་བ་དང་རྩམ་ལོང་ཐད་ཀྱི་འབྲེལ་མཚམས་ཏེ་དོན་དུ་ཕོ་བ་དང་རྒྱུ་མའི་སྟོད་ཀྱི་འབྲེལ་མཚམས་རྣམས་སུ་བྱུང་བ་མང་བས། ནད་ཀྱི་རྗེས་གཅོད་ཙམ་མིན་པར་རྒྱུན་དུ་ཕོ་བའི་ཁ་འཛིན་དུ་སེ་འབྲུའི་རིགས་སྦྱོར་བ་ལ་བསྟེན་ནས་མེ་དྲོད་གསོ་བ་གཅེས་པར་གདམས་པ་ཡིན།

【སྨན་མིང་།】མིད་འཆུས་སྤྱི་སྨན།

【རང་བཞིན།】ཅུང་དྲོད། 

【ཕན་ནུས།】ཕན་ཡོན་མིད་འཆུས་ཕོ་བར་བབས་པ་དང་། །གྲེ་ཐོག་སྤུ་ཐོག་ཕོ་ཐོག་ཚ་འགགས་རྣམས། །འདི་ཡིས་མི་སེལ་ནད་ནི་ཡོད་མ་ཡིན། །

【སྦྱོར་སྡེ།】རྡོ་ཐལ་ཚ་འདུལ་དང་། ཅུ་གང་། གུར་ཀུམ། ལི་ཤི ཛཱ་ཏི། སུག་སྨེལ། ཀ་ཀོ་ལ། ཨ་རུ་གསེར་མདོག གླ་རྩི། དོམ་མཁྲིས། རྒྱམ་ཚྭ། ད་ལིས། མ་ནུ། འུ་སུ། སྐྱུ་རུ་ར། ཧོང་ལེན། བ་ཤ་ཀ ཙན་དན་དམར་པོ། ཏིག་ཏ། གསེར་གྱི་མེ་ཏོག དུག་མོ་ཉུང་། ཅོང་ཞི། བུལ་ཏོག་ཆུ་བཅད། གངས་ཐིགས་བཙོ་བཀྲུ། ཚ་ལ་ཆུ་བཅད། བྲག་ཞུན། གི་ཝང་། རྒྱམ་ཚྭ། པི་པི་ལིང་། སེ་འབྲུ་རྣམས་སྦྱར་བའོ།

རྩོམ་ཞུས།   ཤིན་ཞའོ་ཀོང་།

审 核:辛晓光

རྩོམ་ཁུངས།  སྐྲན་ནད་ཚན་ཁག 
供 稿:肿瘤科
རྩོམ་སྒྲིག  དྲིལ་སྒྲོག་འཐབ་གཅིག་ཚན་ཁག

编 辑:宣传统战科

图片


qrcode_for_gh_301c0c3acd2c_430.jpg


分享到:
上一篇:【科普】常见感冒的分类及症状 རྒྱུན་མཐོང་ཆམ་པའི་ནད་ཀྱི་དབྱེ་བ་དང་ནད་རྟགས།

下一篇:【科普】藏西协同护心脉 共御心梗保平安

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部