中文版 | 藏文版
当前位置 - > 首页 > 学术科研 > 教学管理

【教学】藏医妙法 “肤”润安康——青海省藏医住院医师规范化培训基地举办第34期讲座


日期:2025-12-02 17:59:59  点击:  所在栏目:教学管理

12月1日,青海省藏医住院医师规范化培训基地图书阅览室联合规培党支部,在综合住院部四楼多功能厅开展第34期专题讲座。本次讲座特邀皮肤科主任医师杨桑加主讲,主题聚焦“藏医皮肤病特色诊疗技术的临床实践经验”,基地160余名住培医师参加。


讲座中,杨桑加主任首先从皮肤病学基础理论切入,系统阐释了皮肤的生理功能,并针对临床常见皮肤病进行细致分类讲解,涵盖银屑病(牛皮癣)、白癜风、湿疹、疱疹、疥疮、痤疮及斑秃等多发病症,为住培医师搭建起清晰的疾病认知框架。在诊疗技术分享环节,他重点传授了以调节机体免疫为核心的藏医特色调理体系,强调需通过饮食调理、行为干预、药物治疗、外治疗法四大途径进行调理,实现标本兼顾的治疗效果。药物治疗方面,他明确区分寒、热两种病症类型,详解了以调节“血”“黄水”“细菌”为核心的方剂应用逻辑;外敷药物领域,特别强调传统介质的正确配伍技巧,并介绍了皮癣软膏、二十五味秦艽膏等常用外敷药膏的临床使用要点。此外,他还详细讲解了藏医经典外治疗法,包括以五味甘露药浴、熏蒸、敷疗为主的药浴疗法,皮下与静脉放血疗法、火灸、艾灸、金针疗法等特色技术,同时补充介绍了UVA紫外线光疗等现代诊疗手段。整场讲座内容丰富详实、紧密贴合临床实际,疾病鉴别要点清晰明确、核心知识归纳精炼易懂,为住培医师提供了极具实操价值的诊疗指引

本次讲座的举办,不仅有效提升了住培医师对藏医皮肤病诊疗技术的掌握水平,更助力藏医特色诊疗经验的传承与推广。下一步,基地将持续聚焦临床需求,开展更多高质量的专题讲座与培训活动,不断夯实藏医人才培养根基,推动藏医药事业在传承创新中焕发更大活力,为群众提供更优质的藏医健康服务。


རྟེན་གཞིའི་དཔེ་ཀློག་ཁང་གི་མུ་འབྲེལ་འཆད་ཁྲིད་སྐབས་སོ་དྲུག་པ་སྤེལ།

སྤྱི་ལོ་༢༠༢༥ལོའི་སྤྱི་ཟླ༡༢པའི་ཚེས༡ཉིན། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་ནད་ཐོག་སློབ་སྟོན་ཚན་ཁག་གིས་དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་རྟེན་གཞིའི་དཔེ་ཀློག་ཁང་གི་མུ་འབྲེལ་འཆད་ཁྲིད་སྐབས་སོ་དྲུག་པ་སྤེལ།

ཐེངས་འདིའི་འཆད་ཁྲིད་སྟེང་ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་པ་འབུམ་རམས་གཞོན་པ་ཡང་གསང་རྒྱལ་ལགས་གདན་ཞུ་གནང་སྟེ་པགས་ནད་གསོ་བཅོས་ཐད་ཁྱད་འཕགས་དཔྱད་བཅོས་འགའི་ནད་ཐོག་ལག་ལེན་མྱོང་ཚོར་ཞེས་པ་བརྗོད་གཞིར་བཟུང་ནས་འཆད་ཁྲིད་གནང་ཡོད་པ་རེད།

རྒན་ལགས་ཀྱིས་མེས་པོའི་རྣམ་དཔྱོད་དང་རིག་པའི་འཕྲུལ་འཁོར་ལས་འཁྲུངས་བའི་པགས་ནད་གསོ་བཅོས་དགོངས་དོན་གཞིར་བཞགཔགས་པའི་བྱེད་ལས་སོགས་པགས་ནད་སྤྱིའི་རྣམ་བཤད་དང་། ལྷག་པར་པགས་པའི་ནད་ལས་ཤ་བཀྲ གླང་ཤུ མཛེར་བ། སྲིན་ཐོར། ཁྱེ་མ། ཤུ་བ། ཟ་རྐོང་སོགས་ཀྱི་རྒྱུ་རྐྱེན་རྟགས་བཅོས་གསལ་བར་ངོ་སྤྲོད་གནང་བ་མ་ཟད། གསོ་བཅོས་ལག་ལེན་ཐད་ཕན་ནུས་དམིགས་བསལ་མངོན་པའི་སྨན་དཔྱད་ཀྱི་གསོ་བཅོས་གང་མང་ཞིག་ལས་འདུ་བ་སྤྱི་རུ་སྙོམས་པའི་གསོ་ཚུལ་རྩ་དོན་དུ་བཟུང་ནས། གསོ་ཐབས་ཀྱི་དབང་དུ་ཁོང་སྨན་དང་ནད་ཀྱི་ངོ་བོ་ཚ་གྲང་གི་དབྱེ་བར་གཞིགས་ཏེ་གཙོ་བོ་ཁྲག་དང་ཆུ་སེར། སྲིན་སོགས་གཞིར་བྱས་ཏེ་ནད་དངོས་གཉེན་པོས་གསོད་དགོས་ཚུལ་དང་། བྱུགས་སྨན་ཡང་གླང་ཤུ་བྱུག་སྨན།  ཀྱི་ལྕེ་ཉེར་ལྔ། ཙན་དན་མར་ཁུ། པགས་གཟེར་བྱུག་སྨན། ཅོག་ལ་བརྒྱད་པ་སོགས་ཀྱིས་མཚོན་པའི་པགས་བྱུག་ཀུན་སྨན་ནུས་རྩར་ཁྲིད་པའི་རྟ་མར་རྙིང་དང་ཕག་ཚིལ་ལ་སྦྱར་ནས་བྱུག་རྒྱུ་གལ་ཆེ་ཚུལ། དེ་མིན་སྦྱོངས་ལ་བྱང་བ་བདུན་པའི་རྩ་སྦྱོངས། དེད་དཔོན་བཅུ་སྦྱོར། འབྲས་གསུམ་རྒྱུན་སྦྱོངས་ཀྱིས་ལྟོ་སྦྱོངས། གནམ་ལྕགས་ཟིལ་བཤལ་གྱིས་རྩ་ལྟོ་སྦྲགས་མའི་སྦྱོངས་སོགས་ནད་གཞི་དང་ལུས་སྟོབས་ལ་སྦྱར་ནས་གསོ་བཅོས་བྱས་ན་གསོ་དཔྱད་གཞན་གྱིས་བཅོས་དཀའ་བའི་རིགས་ཀྱང་འཚོ་བར་མངོན་ཞིང་། དེ་བཞིན་དཔྱད་བཅོས་ལ་ལུམས་དང་གཏར་ག མེ་བཙའ། དུགས། བྱུག་པ་སོགས་ལས་གཙོ་བོ་བདུད་རྩི་ལྔ་ལུམས། རླངས་ལུམས། བཅིངས་ལུམས་བཅས་ལག་ལེན་དུ་བསྟར་བ་དང་། གཏར་ག་ལ་པགས་གཏར་དང་རྩ་གཏར། ཡང་རྩ་གཏར་བའི་གནས་གཙོ་བོ་ཆུ་སེར་གདོང་རྩ་དང་ཡོབ་གོང་། སྣ་རྩེ་བཅས་དང་། དུགས་ལ་གྲང་དུགས་དང་བསིལ་དུགས། མེ་བཙའ་ལ་གཙོ་བོ་ཧོར་གྱི་མེ་བཙའ་སོགས་ཀྱིས་ནད་ཟུག་འཕྲལ་གཅོག་དང་ནད་དངོས་ཕྱིར་འབྱིན་ཀྱི་གནད་མང་དུ་འདུས་ཤིང་དེ་མིན་ཚ་ཐུར། མེ་བུམ། རྭ་འཇིབ་སོགས་ཕན་པ་མྱོང་བས་གྲུབ་ཚུལ། དེང་རབས་ཀྱི་གསོ་ཐབས་ལས་འོད་བཅོས་ལག་ལེན་གྱིས་གསོ་བྱའི་ལུས་ཁམས་འདུ་འཁྲུགས་སྙོམས་པར་བྱེད་ངེས་པ་སོགས་གནའ་དེང་གསོ་རིག་གི་ཉིང་བཅུད་རྩལ་དུ་བཏོན་ནས་འཆད་ཁྲིད་རྒྱས་པར་གནང་ངོ་།


རྩོམ་ཞུས།   ཤིན་ཞའོ་ཀོང་།

审 核: 辛晓光

རྩོམ་ཁུངས། སློབ་སྟོན་ཚན་ཁག
供 稿: 教学科
རྩོམ་སྒྲིག    དྲིལ་སྒྲོག་འཐབ་གཅིག་ཚན་ཁག  
编 辑:宣传统战科
图片


qrcode_for_gh_301c0c3acd2c_430.jpg

分享到:
上一篇:【教学】果洛州职业技术学校与青海省藏医院举行教学实习医院签约挂牌仪式

下一篇:【教学】模拟实战 督导提质——青海省藏医住院医师规范化培训基地开展情景模拟教学演示及院级督导工作

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部