中文版 | 藏文版
当前位置 - > 首页 > 新闻资讯 > 医院新闻

【动态】致全体护理工作者的慰问信


日期:2022-05-12 11:16:45  点击:  所在栏目:医院新闻


全体护理工作者:

你们好!

盛夏时节,万物并秀。在阳光明媚的时节,我们迎来了第 111 个“5.12”国际护士节。值此之际,青海省藏医院向辛勤工作、无私奉献的护理人员致以亲切的问候和节日的祝贺,向理解你们、支持你们的家人朋友和长期以来关注、支持我院护理事业发展的社会各界表示衷心的感谢。

                你们将青春定格在燕尾帽下

                用奉献丈量着生命的长度

                你们是白衣天使、是白衣战士

爱无止息、薪火相传。百年前,“提灯女神”南丁格尔用爱与责任树立起不朽的精神丰碑,引得无数后继者将青春和热血投身于护理事业中。多年来,我院护理工作者本着救死扶伤的人道主义精神,继承和发扬护理事业的光荣传统,恪尽职守,勤勉敬业,以“爱心、耐心、细心、责任心” 对待患者,树立了白衣天使良好的社会形象,赢得了广大人民群众的赞誉和信赖。你们以强烈的事业心和高度的责任感,把真诚的爱心无私奉献给了每一位患者,传承发扬“燃烧自己,照亮别人”的南丁格尔精神,用行动诠释博大的爱心,用爱心奉献点亮圣洁的天使称号。

图片

巾帼风采,别样绽放。 自我市新冠肺炎疫情爆发,全院护理工作者按照坚定信心、同舟共济、科学防治、精准施策的总要求,冲锋在前,齐心协力,舍小家顾大家,与时间赛跑、跟病毒搏击, 积极踊跃奔疫情防控第一线,有力保障了人民生命安全和身体健康。密不透风的隔离服没有挡住你们坚定的脚伐,充满水雾的护目镜透出你们坚毅的眼神。你们身体力行地践行着南丁格尔不畏艰险、甘于奉献、救死扶伤、勇于献身的人道主义精神,日夜奋战,防输入、防扩散、治患者,为疫情防控阻击战取得重大战略成果贡献了力量。

图片
图片

5.12护士节

图片

性命相托,不负韶华。2022 年医院将继往开来、改革创新,希望全体护理工作者在南丁格尔的人道、博爱、奉献精神的指引下,一如既往地践行“健康所系、生命相托”的从医誓言,努力学习、博采众长,用天生我才的豪情,用生命不息的激情,用朝气蓬勃的青春,不辱使命,不负重托, 继续为一方百姓守护健康,努力为患者提供优质安全的护理服务,以干事创业的激情迎接新时代,谱写藏医护理新篇章。

最后,衷心祝愿全体护理工作者节日快乐、健康平安、工作顺心、生活幸福!

                                     青海省藏医院

                                     2022年5月12日

图片





སྨན་ཞབས་ཡོངས་ལ་སྤྲིངས་པའི་འཕྲིན།



སྨན་ཞབས་ཡོངས་ཀྱི་སྤྱན་སྔར།

         དབྱར་ཟླ་ཚེས་འགོ་དང་འཛིན་མས་གོས་ལྗང་བཀླུབས་པའི་དུས་བཟང་འདིར། ང་ཚོས   ༼  5.12 ༽     རྒྱལ་སྤྱིའི་སྨན་ཞབས་དུས་ཆེན་སྤྲོ་བས་བསུས་བྱུང་། དུས་བཟང་འདིར་བསྟུན་ནས་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གིས་ལས་ལ་བརྩོན་ཞིང་གཞན་དོན་ཁུར་དུ་ལེན་པའི་སྨན་ཞབས་ཡོངས་ལ་ཁམས་བདེའི་འཚམས་འདྲི་དང་ཆབས་ཅིག་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་ཡིན། གཞན་ཁྱེད་ཅག་གི་བྱ་བར་རྒྱབ་སྐྱོར་བྱེད་མཁན་གྱི་ཁྱིམ་མི་དང་གྲོགས་པོ། དུས་ཡུན་རིང་བོར་ངེད་སྨན་ཁང་གི་སྨན་ཞབས་བྱ་བར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།

               ཁྱེད་ཅག་གི་ལང་ཚོ་གོས་དཀར་གྱིས་གཡོགས་ཏེ།

               གཞན་དོན་གྱི་ཆེད་དུ་ཚེ་སྲོག་འདོམ་ལ་འཇལ།

               ཁྱེད་ཚོ་ནི་གོས་དཀར་ལྷ་བུ་ཡིན་ལ། 

               གོས་དཀར་འཐབ་མོ་བའང་ཡིན།

ལོ་བརྒྱའི་ཡར་སྔོན་དུ། ནན་ཏིན་ཀེར་གྱིས་བྱམས་བརྩེ་དང་འགན་འཁྲི་ལ་བརྟེན་ནས་ཉམས་པ་མེད་པའི་བསམ་པའི་རྡོ་རིང་དེ་བཙུགས་པ་ནས། རྗེས་རབས་པ་བགྲང་ལས་འདས་པ་ཞིག་གིས་ལང་ཚོ་དང་ཚེ་སྲོག་སྨན་ཞབས་བྱ་བར་ཕུལ།

ལོ་མང་པོའི་རིང་ལ། ངེད་སྨན་ཁང་གི་སྨན་ཞབས་ཡོངས་ཀྱིས་ཀྱང་སྲོག་སྐྱོབ་རྨས་གསོའི་མི་ཆོས་རིང་ལུགས་སྙིང་སྟོབས་དང་། འགྲོ་བ་ནད་པ་ཇི་སྙེད་པ། ནད་སོས་གྱུར་གྱི་བར་དུ་ནི། སྨན་དང་སྨན་པ་ཉིད་དག་ནི། དེ་ཡི་ནད་གཡོག་བྱེད་པར་ཤོག་ཅེས་འགྲོ་ཀུན་ཕན་པའི་བྱ་བ་དེ་རྒྱུན་འཛིན་དང་གོང་འཕེལ་བཏང་། རང་འགན་ནན་སྒྲུབ་དང་། ལས་བརྩི་ལས་བརྩོན་གྱིས་༼    བྱམས་བརྩེ་ལྡན་པ་དང་། ངང་རྒྱུད་རིང་བ། ཞིབ་ཚགས་ཡོད་པ། འགན་འཁྲི་ཁུར་ལེན༽  གྱིས་ནད་པ་རེ་རེར་ཞབས་ཞུ་བསྒྲུབས་པས།  སྤྱི་ཚོགས་སྟེང༼ གོས་དཀར་ལྷ་བུ  ༽    ཞེས་ཡིད་དུ་འོང་བའི་སྣང་བརྙན་ཞིག་བསྐྲུན།

རང་གྲོང་ཁྱེར་ལ་པྲོག་གསར་ནད་དུག་གིས་གཙེས་པ་ནས་བཟུང་།ངེད་སྨན་ཁང་གི་སྨན་ཞབས་ཡོངས་ཀྱིས་ཡིད་ཆེས་བརྟན་པོ་དང་། དཀའ་ངལ་མཉམ་སེལ། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཁེལ་སྲིད་ཇུས་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ནས། ཁྱིམ་ཚང་དང་བུ་ཕྲུག་རྒྱབ་ཏུ་བསྐྱུར་ཏེ། དུས་ཚོད་ལ་འགྲན་བསླངས་ཤིང་ནད་དུག་ལ་གདོང་གཏད་ནས། ཉིན་མཚན་དབྱེར་མེད་དུ་རིམས་འགོག་ཚོད་འཛིན་གྱི་གཡུལ་ས་དེ་རུ་རང་ལུས་འདོམ་གང་པོ་འབེན་དུ་བཞག་ནས། ཉིང་སྐྱུར་མ་དཔེ་བསྡུ་ལེན་དང་།  ནད་དུག་ནང་ལ་བཀྲམ་པ་དང་ཕྱིར་མཆེད་པར་འགོག་སྲུང་བགྱིས་པས།  མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཁག་ཐེག་ཡོད་པར་བཟོས།

     རང་སྨན་ཁང་གི་སྔ་འཛིན་ཕྱི་གཏོད་དང་བསྒྱུར་བཅོས་གསར་གཏོད་ཀྱི་ལམ་བུ་དེ་རུ། སྨན་ཞབས་ཡོངས་ཀྱིས་ནན་ཏིན་ཀེར་གྱི་མི་ཆོས་རིང་ལུགས་དང་། བྱམས་བརྩེ་གཞན་ཕན་གྱི་བསམ་བློ་བཏེགས་ནས་སྔར་བཞིན་ནད་པའི་དོན་དུ་འབད་འབུངས་བྱ་རྒྱུ་དང་། ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་བཅངས་ནས་དུས་རབས་གསར་བའི་མདུན་བསུས་ཏེ། བོད་ལུགས་གསོ་རིག་སྨན་ཞབས་ཀྱི་ལེའུ་གསར་པ་ཞིག་གི་འགོ་རྩོམ་དགོས།

མཐར། དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཁྱེད་ཅག་གི་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།   

                                མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་།

                                         ༢༠༢༢ལོའི་ཟླ༥པའི་ཚེས༡༢ལ།



分享到:
上一篇:省藏医院党委召开中心组学习会

下一篇:【医疗】发挥合力 护佑患者康复之路​རླུང་ཁྲག་འཕེལ་ནས་འགུལ་མི་ཆིངས་པའི་ནད་པ་ཞིག་

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部