为全面贯彻落实住院医师规范化培训制度,进一步引导和督促住培医师的学习现状,另对基地即将开展的第三届藏药材野外实践教学活动奠定坚实基础,熟练掌握常用藏药材的功效等,基地于2022年7月6日-7日针对2020级和2021级共130名住培医师进行了一对一的藏药药物功效经典背诵考核。
བོད་ལུགས་གསོ་རིག་གི་ཚད་ལྡན་དཀའ་བཅུ་སྨན་པའི་གསོ་སྦྱོང་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་དང་། རྟེན་གཞི་འཛུགས་སྐྲུན་དང་ཚད་ལྡན་དོ་དམ་ལ་ཤུགས་བསྣན་དེ། གསོ་སྦྱོང་གི་སྤུས་ཚད་དང་ནུས་རྩལ་མཐོར་འདེགས། སྨན་ངོ་ངོས་འཛིན་ཁོང་དུ་ཆུད་ཕྱིན།སྤྱི་ལོ་༢༠༢༢ལོའི་ཟླ་༧ཚེས་༦ཉིན་ནས་ཚེས་༧ཉིན་བར།ཞིང་ཆེན་བོད་ལུགས་སྨན་ཁང་གི་སློབ་སྟོན་ཚན་ཁག་གིས་རྩ་འཛུགས་བྱས་ཏེ་དཀའ་བཅུ་སྨན་པ་༡༣༠ལ་བཤད་རྒྱུད་ནུས་པ་རྐྱང་སེལ་གྱི་ལེའུ་བློ་རྒྱུགས་བླངས།
དུས་རབས་བཅུ་གཅིག་པར་སྨན་རྩ་ངོས་འཛིན་གྱི་ལག་ལེན་སློབ་ཁྲིད་དར་བ་ནས་བཟུང་། བོད་སྨན་རྒྱུད་འཛིན་གྱི་ལག་ལེན་ཤེས་བྱ་དང་བོད་ལུགས་གསོ་རིག་གི་རྒྱུད་འཛིན་མི་སྣ་བསྐྱེད་བསྲིང་བྱ་ཆེད། བོད་ལུགས་སྨན་ཁང་དང་བོད་ལུགས་གསོ་རིག་སློབ་གྲྭ་སོ་སོས་ལོ་རེར་དབྱར་ཚེས་བཟང་པོར་སྨན་རྩ་སྣ་མང་སྐྱེ་སའི་གནས་ཕུན་སུམ་ཚོགས་པ་ཞིག་གདམ་སྟེ་སྨན་རྩ་ངོས་འཛིན་ལ་འགྲོ་བའི་སྲོད་ཡོད། ངེད་སྨན་ཁང་གིས་སྨན་རྩ་ངོས་འཛིན་ལ་འགྲོ་བའི་སྲོལ་བཟང་རྒྱུན་འཛིན་བྱས་ཏེ། སྨན་རྩ་ངོས་འཛིན་དངོས་ལ་མ་སོང་བའི་སྔོན་ལ་དཀའ་བཅུ་སྨན་པ་ཡོངས་ལ་སྨན་ནུས་ཆ་ཚང་གོ་རིམ་ཡོད་པ་དང་སྒྲིག་ལམ་ཡོད་པའི་སྒོ་ནས་བློ་རྒྱུགས་བླངས་ཏེ་སྨན་རྩ་ངོས་འཛིན་ལ་སྟ་གོན་བྱས།
ཐེངས་འདིའི་དཀའ་བཅུ་སྨན་པར་ནུས་པ་རྐྱང་སེལ་གྱི་ལེའུ་བློ་རྒྱུགས་བླངས་པ་དེས།རང་རེའི་སྨན་ཁང་གི་སྡོད་གནས་གསོ་སྦྱོང་གི་ནད་ཐོག་སྨན་བཅོས་ལས་དོན་ལ་རྒྱུས་ལོན་དང་རྟོགས་ཞིབ་ཐེངས་གཅིག་གནང་པ་ཡིན་ལ། བློ་རྒྱུགས་ཁྲོད་ཀྱི་བྱུང་བའི་གནད་དོན་ཕྲན་བུ་ཕྱོགས་སྡོམ་བྱས་ཏེ། རྗེས་ཕྱོགས་ཀྱི་སློབ་ཁྲིད་དང་དོ་དམ་ལས་དོན་ཇེ་ལེགས་ཇེ་རྒྱས་སུ་གཏོང་བའི་རྨང་རྡོར་བཟུང་ནས་འབད་བཞིན་ཡོད།
རྩོམ་ཞུས། པདྨ་རབ་བརྟན།
审 核: 万玛拉旦
རྩོམ་ཁུངས། སློབ་སྟོན་ཚན་ཁག
供 稿: 教学科
རྩོམ་སྒྲིག དྲིལ་སྒྲོག་འཐབ་གཅིག་ཚན་ཁག པདྨ་ལྷུན་འགྲུབ།
编 辑: 宣传统战科(万玛愣智)