中文版 | 藏文版
当前位置 - > 首页 > 新闻资讯 > 医院新闻

【教学】青海省藏医院开展第二届藏医住院医师规范化培训“传承经典、衣钵相传”主题讲座


日期:2022-08-01 17:28:56  点击:  所在栏目:医院新闻

为深入贯彻习近平总书记在《促进中医药传承创新发展意见》中作出的重要指示:“传承精华,守正创新”,不断促进藏医学专业人才队伍的培养,巩固专业经典理论知识,进一步规范藏医临床技术教育,基地于7月29日,邀请当增教师在综合楼四楼多功能厅开展了第二届藏医住院医师规范化培训“传承经典、衣钵相传”为主题的讲座,共有170余名住培医师和实习医师等参加。



བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྒྱུད་འཛིན་དང་ཚད་ལྡན་ཅན་གྱི་ཆེད་ལས་མི་སྣ་སྐྱེད་བསྲིང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་དཀའ་བཅུ་སྨན་པ་ཚད་ལྡན་ཅན་གསོ་སྐྱོང་གནས་གཞིའི་དཀའ་བཅུ་སྨན་པ་ཡོངས་ཀྱི་རེ་བ་ལྟར་སྤྱི་ལོ༢༠༢༢ལོའི་ཟླ༧པའི་ཚེས༢༩ཉིན་གྱི་སྔ་དྲོ་དང་ཕྱི་དྲོའི་དུས་ཚོད་བེད་སྤྱད་དེ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དབང་ཆེན་འབུམ་གྱི་སྨན་རམས་པ་ཏིང་འཛིན་ལགས་གདན་འདྲེན་ཞུས་ཏེ་སྐབས་གཉིས་པའི་༼གསོ་རིག་རྒྱུད་འཛིན། རྗེས་རབས་བསྐྱེད་བསྲིང་། ༽ཞེས་པའི་བརྗོད་དོན་གཞིར་བཟུང་ནས་འཇུ་མི་ཕམ་གྱིས་མཛད་པའི་སྨན་སྦྱོར་བདུད་རྩིའི་ཐིག་ལེ་ཞེས་པ་འཆད་ཁྲིད་གནང་།

རྒན་ལགས་ཀྱིས་ཕུན་སུམ་ཚོགས་པ་ལྔ་དང་སྦྱར་ཏེ་གཞུང་དེ་གའི་དཀའ་གནད། སྨན་ངོས་འཛིན་གྱི་དོགས་གནད། གཙོ་གནད། བརྡ་ཆད་གཙོ་བོ། སྨན་སྦྱོར་གྱི་གཙོ་སྨན་དང་འཁོར་སྨན་ངོས་འཛིན་བྱེད་ཚུལ་སོགས་གཙོ་བོར་བཟུང་སྟེ་དཔེ་ཁྲིད་གནང་བ་དང་ལུང་ཁྲིད་སྦྲགས་མའི་སྒོ་ནས་གཞུང་ལུགས་ཀྱི་སྨན་སྦྱོར་དང་ལག་ལེན་གྱི་སྨན་སྦྱོར་སོགས་ཞིབ་ཕྲ་ཅིག་ངོ་སྤྲོད་མཛད་པར་མ་ཟད་ནད་སྨན་སྤྲོད་ལུགས་སོགས་སློབ་ཁྲིད་གྱི་ནོམ་པ་བྱས། རང་སྨན་ཁང་གི་དཀའ་བཅུ་སྨན་པ་བརྒྱ་དང་བདུན་ཅུ་ཡས་མས་ཐེངས་འདིའི་འཆད་ཁྲིད་ལ་ཞུགས། 



མཇུག་མཐར། གསོ་བ་རིག་པའི་བསྟན་པ་རྒྱས་པའི་སྨོན་ཚིག་དང་བཅས་སྨན་སྦྱོར་འདི་ཉིད་ཀྱི་བསྟན་པ་གོང་ནས་གོང་དུ་སྤེལ་དགོས་པ་དང་གཞན་ཕན་གྱི་ལྷག་བསམ་གཙང་མ་ཞིག་འཆིང་དགོས་པའི་བཀའ་སློབ་གནང་སྟེ་ཐེངས་འདིའི་འཆད་ཁྲིད་ཡོངས་སུ་མཇུག་རྗོགས།

རྩོམ་ཞུས།     པདྨ་རབ་བརྟན།

审 核:  万玛拉旦

རྩོམ་ཁུངས།  སློབ་སྟོན་ཚན་ཁག

供 稿  教学科

རྩོམ་སྒྲིག     དྲིལ་སྒྲོག་འཐབ་གཅིག་ཚན་ཁག  སུང་ཡུའུ་ཅུན། 

编 辑: 宣传统战科(孙玉娟)


分享到:
上一篇:【党建】青海省藏医院行政第五党支部联合综合住院党支部开展“观爱国主义教育基地,促民族团结发展”主题党日活动

下一篇:【教学】青海省藏医院组织住院医师规范化培训全体住培医师参观青海省藏文化博物院

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部