གློ་འབྲས།
གློ་འབྲས་ཟེར་བ་ནི་འགྲམས་འཁྲུགས་དྭངས་མ་མ་སྨིན་པ་སོགས་ཀྱི་དབང་གིས་ལུས་ལ་ངན་ཁྲག་རྒྱས་པ་རྩ་མིག་བརྒྱུད་ནས་གློ་བའི་གནས་སུ་ཤིང་བེ་དོའི་འབྲས་བུ་ལྟར་སྲ་ཞིང་མཁྲེགས་པའི་གོང་བུར་བསྒྲིལ་བའི་ནད་སྟེ།དེས་གློ་ཡུ་ཡལ་འདབ་སོགས་ལ་བཙུར་གནོན་དབང་གིས་དབུགས་བཀག་པ་དང་ལུས་སྟོབས་འཆོར་བའི་ནད་ཅིག་རེད།
肺癌
肺癌是指原发于支气管上皮和肺泡上皮的恶性肿瘤,肺癌也是目前发病率最高的恶性肿瘤之一。死亡率在所有的恶性肿瘤中排名第一位。肺癌发生的原因主要是与吸烟相关,大概3/4的患者发病都是吸烟造成的。
གློ་འབྲས་ཀྱི་ནད་རྟགས།
ནད་རྟགས་སུ་བྲང་ཁོག་བདེ་བོ་མེད་པ་དང་།གློ་ལངས་ནས་ལུད་པའི་ནང་ཁྲག་དོན་པ།དབུགས་འབྱིན་རྔུབ་དཀའ་བ།ལུས་ལ་ཚ་རྒྱག་པ། གློ་ལངས་ནས་ཁྲག་ཕོན་ཆེན་ལུ་བ།དབུགས་འཚངས་པ། ལུས་སྟོབས་ཞན་པ། མཇུག་ཏུ་འབྲས་ནད་ཆེར་རྒྱས་ནས་ཉེ་འཁོར་གྱི་དབང་རྟེན་ལ་བཙིར་གནོན་འཁེལ་བའི་རྐྱེན་གྱིས་མིད་པ་ན་ཞིང་ཟས་མིད་དཀའ་བའི་མངོན་ཚུལ་ཡོད།
肺癌症状
肺癌的临床症状与肿瘤大小、类型、发展阶段、发生部位、并发症和转移情况密切相关,常见的症状有咳嗽、痰中带血、喘鸣、胸痛等。疾病早期可能无明显症状,部分患者在体检时被偶然发现。
གློ་འབྲས་ཀྱི་སྔོན་འགོག
ཚ་སྐྱུར་དང་སྣུམ་བཅུད། བཙོ་བསྲེགས་བྱས་པའི་ཟས་སྐོམ་མི་བསྟེན་པར་གསར་བཅུད་འཇུ་སླ་བའི་རིགས་བསྟེན་པ།ལུས་སྦྱོང་བྱེད་པ་ལ་སོགས་རྩོལ་བཅག་རན་ཙམ་བྱེད་པ་དང་འབྲས་ནད་སྐྱེད་པའི་རྫས་དང་ཐུག་རེག་མི་བྱེད་པ། ལས་ཀའི་བར་ནས་འོས་འཚམ་གྱི་ངལ་གསོ་བྱེད་པ། ནད་བྱུང་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་པ། ལུས་པོར་བརྟག་དཔྱད་བྱེད་པ་བཅས་རྒྱུན་འཁྱོངས་བྱ་ཐུབ་ན་འབྲས་ནད་མི་འབྱུང་བ་ཡོད་དོ།།
预防肺癌
在工作中避免致癌物,如采取预防措施,以防止接触有毒化学品,减少辐射暴露等。戒除不良嗜好,不要吸烟、喝酒。在饮食中增加蔬菜、水果、谷物等含量,不要吃油腻、腌制、熏烤类食物。早睡早起,保证休息,避免内分泌失调。在生活中注意休息、适当运动。及时治疗炎症、病毒感染等疾病,避免异物刺激等。定期体检,有癌症家族史或肿瘤相关前期病变者,尤其要提高警惕。