中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར། > སྨན་ཁང་གསར་འགྱུར།

མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་ནད་ཐོག་སློབ་སྟོན་ཚན་ཁག་གིས་དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་རྟེན་གཞིའི་དཔེ་ཀློག་ཁང་གི་མུ་འབྲེལ་འཆད་ཁྲིད་སྐབས་བཅུ་བདུན་པ་སྤེལ།


ཟླ་ཚེས:2024-04-16 17:38:52  བརྡབས་གྲངས།:  གཏོགས་ཡུལ:སྨན་ཁང་གསར་འགྱུར།


མུ་འབྲེལ་འཆད་ཁྲིད་སྐབས་བཅུ་བདུན་པ།



༢༠༢༤ལོའི་ཟླ་༤པའི་ཚེས་༡༦ཉིན།མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་ནད་ཐོག་སློབ་སྟོན་ཚན་ཁག་གིས་དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་རྟེན་གཞིའི་དཔེ་ཀློག་ཁང་གི་མུ་འབྲེལ་འཆད་ཁྲིད་སྐབས་བཅུ་བདུན་པ་སྤེལ།

    ཐེངས་འདིའི་འཆད་ཁྲིད་སྟེང་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་པ་འབུམ་རམས་པ།  རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཕག་མོ་དོན་གྲུབ་ལགས་གདན་ཞུས་འཆད་ཁྲིད་གནང་།

   རྒན་ཕག་མོ་དོན་གྲུབ་ལགས་ཀྱིས་ཐེངས་འདིར་འདུས་པའི་སྐལ་ལྡན་སློབ་བུའི་ཚོགས་ལ་བོད་ཀྱི་གསོ་དཔྱད་རིག་པའི་གཞུང་ལུགས་དང་སྔོན་བྱོན་མཁས་དབང་རྣམས་ཀྱི་ཉམས་ཡིག་ཁག་གི་དགོངས་དོན་ལས་དོན་སྣོད་ཀྱི་དྭངས་མའི་རྟེན་དུ་གྱུར་བ་རེག་བྱའི་དབང་བོ་པགས་པའི་ཆགས་ཚུལ་དང་གནས་ལུགས།  བོད་ལུགས་གསོ་རིག་ལས་པགས་པའི་མིང་བརྡ་མི་འདྲ་བ་ཁག་གི་དོན་འགྲེལ།འཇུག་སྒོ་དྲུག་ལས་ནད་གཞི་པགས་ལ་གྲམ་ནས་ཇི་ལྟར་འགྱུར་ཚུལ།རྒྱ་གར་ཚེ་ཡི་རིག་བྱེད་དང་སྨན་དཔྱད་ཟླ་བའི་རྒྱལ་པོ།དཔལ་ལྡན་རྒྱུད་བཞི་སོགས་ལས་པགས་ནད་གསོ་བའི་རིག་གཞུང་དར་ཚུལ།པགས་པའི་བྱེད་ལས་དང་དེང་རབས་གསོ་རིག་གི་བརྟག་ཐབས།མིའི་ན་ཚོད་དང་རྟེན།རང་བཞིན་བདུན་དང་སྦྱར་ནས་པགས་པའི་དབྱེ་བ་བཀར་ལུགས་སོགས་ལོ་ངོ་དུ་མའི་རིང་གི་ནད་ཐོག་ཞིབ་འཇུག་དང་ཟུང་དུ་སྦྲེལ་ནས་དམར་ཁྲིད་ཀྱི་ཚུལ་དུ་འཆད་ཁྲིད་རྒྱས་པར་གནང་།



གོང་ངོས།:མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་སྨན་སྦྱོར་ཚན་ཁག

འོག་ངོས།: མེད།

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部