中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར། > སྨན་ཁང་གསར་འགྱུར།

མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་སྨན་སྦྱོར་ཚན་ཁག


ཟླ་ཚེས:2024-03-29 15:50:01  བརྡབས་གྲངས།:  གཏོགས་ཡུལ:སྨན་ཁང་གསར་འགྱུར།






སྨན་སྦྱོར་ཚན་ཁག




མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་སྦྱོར་ཚན་ཁག་ནི་སྤྱི་ལོ༡༩༨༣ལོར་བཙུགས་པ་དང་། ད་ལྟ་བཟོ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་རྨིད༡༢༠༠༠ཡོད་པ། སྔོན་སྒྲིག་ལས་གྲྭ་དང་སྦྱོར་བཟོ་ལས་གནས། སྨན་རྫས་རྒྱུ་སྤུས་ལྟ་ཞིབ་ཁང་། མཛོད་ཁང་དང་གཞུང་སྒྲུབ་ཁང་བཅས་ལས་ཤག་ལྔས་གྲུབ་ཡོད། སྔོན་སྒྲིག་ལས་གྲྭ་རུ་སྨན་རྒྱུའི་གཙང་སེལ་དང་སྲོལ་རྒྱུན་གྱི་སྨན་རྒྱུའི་འདུལ་སྦྱོང་། སྨན་རྒྱུ་དག་མཛོད་ཁང་། སྡེབ་སྦྱོར། ཞིབ་བཏགས་ལས་ཤག་བཅས་ཀྱི་གྲུབ་ཡོད། དེང་རབས་ཀྱི་སྦྱོར་བཟོ་ལས་གནས་སུ་ས་འོག་གི་ཁང་བརྩེགས་གཅིག་དང་ས་སྟེང་གི་ཁང་བརྩེགས་བཞི་བཅས་ཁང་བརྩེགས་ལྔ་ཡིས་གྲུབ་ཡོད། མིག་སྔར་སྨན་གྱི་བཟོ་དབྱིབས་ཕྱེ་མ་དང་རིལ་བུ། སྤྱིན་ཐུམ། སྨན་ཆང་། ཕྱེ་རགས། སྦྱོར་སྨན། རེངས་བུ། ལྡེ་གུ། ཐང་སྦྱོར། བཀྲུ་སྨན། སྨན་ཇ། ཁཎྜ། སྨན་ལེབ། འབྱར་སྨན། སྦིད་སྨན་སོགས་རིགས་ཉེར་གཉིས་ཙམ་ཐོན་སྐྱེད་བྱེད་གིན་ཡོད། ཆོག་མཆན་ཨང་རྟགས་སུ་ཚུད་པའི་སྦྱོར་སྡེ༣༣༥ཡོད་ལ་དེའི་ནང་གི་སྨན་སྦྱོར༢༤༤སྨན་རིན་འགན་བཞེས་ཀྱི་ཁོངས་སུ་ཚུད་ཡོད་པ་དང་ལོ་རེ་རེའི་ཐོན་སྐྱེད་ཚད་གཞིའི་གྲངས་ཀ་ཏུན༦༠ཡན་ལ་སླེབས་ཡོད་པས་སྲོལ་རྒྱུན་ལག་ཐབས་དང་དེང་རབས་ཚན་རྩལ་གཉིས་གཞི་གཅིག་ཏུ་ཟུང་འབྲེལ་བྱས་པའི་འཕོ་འགྱུར་མཚོན་ཡོད། 

   ཚན་ཁག་གི་མི་སྣ་ཕལ་ཆེ་བ་ཆེད་ལས་ལག་རྩལ་ཕྱོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་ཕྱིར་བོད་སྨན་སྦྱོར་བཟོའི་ལས་རིགས་གང་ལ་ཐོགས་མེད་དུ་འཇུག་པའི་དཔུང་སྡེ་ཞིག་ཏུ་གྲུབ་ཡོད་པ་དང་། དེང་རབས་སྨན་རྫས་ལྟ་ཞིབ་འཕྲུལ་ཆས་དང་ཆེད་ལས་ཞིབ་བཤེར་པ་ཡོངས་བོད་སྨན་སྦྱོར་བཟོའི་གྲོགས་སུ་སོང་བས་བོད་སྨན་གྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན། གཏན་འཇགས་རང་བཞིན་བཅས་ལ་འགན་སྲུང་གི་ནུས་ཤུགས་གལ་ཆེན་འདོན་སྤྲོད་བྱེད་ཐུབ་གྱིན་ཡོད།


གོང་ངོས།:འཕྲད་གཤིས་པགས་ནད་སྐོར་གྱི་རྒྱུན་ཤེས་འགའ།

འོག་ངོས།:མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་ནད་ཐོག་སློབ་སྟོན་ཚན་ཁག་གིས་དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་རྟེན་གཞིའ

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部