中文版 | 藏文版
当前位置 - > 首页 > 科普教育 > 科普园地

【科普】您了解眩晕综合症吗?མགོ་རླུང་ནད་ཀྱི་བརྟག་བཅོས།


日期:2025-03-19 16:35:43  点击:  所在栏目:科普园地

您了解眩晕综合症吗?

眩晕综合症

天旋地转或自身在旋转,有时感到周围物体在晃动或倾斜,常伴有恶心、呕吐、平衡失调等症状。

一、病因与分类

眩晕综合症的病因复杂多样,大致可以分为以下几类:

1、前庭性眩晕:主要由前庭系统病变引起,如梅尼埃病、良性位置性眩晕(耳石症)、突发性耳聋伴眩晕等。这类眩晕通常突然发作,持续数分钟至数小时,表现为旋转感,常伴有耳蜗不适症状,但没有意识障碍。

2、前庭中枢性眩晕:由脑干、小脑或前庭神经核等中枢部位病变引起,如椎基底动脉供血不足、脑供血不足、脑膜炎、脑部肿瘤等。这类眩晕可能伴有其他神经系统症状。

3、其他病因:包括颈椎病引起的颈性眩晕,以及高血压、低血糖、贫血、心功能不全等全身性疾病引起的眩晕。

二、症状表现

眩晕综合症的主要症状包括:

1、眩晕:患者会感到天旋地转或自身在旋转,有时感到周围物体在晃动或倾斜。眩晕通常发生在头部运动或改变体位时,如起床、躺下、翻身、转头等。

2、恶心与呕吐:眩晕发作时,患者常出现恶心感,随后可能呕吐。恶心和呕吐可能伴随进食或体位改变而加剧。

3、平衡失调:患者可能出现站立不稳、行走困难等症状,平衡失调在站立或行走时更加明显。

4、眼球震颤:患者的眼球会不自主地快速来回摆动,这种震颤在注视某个物体时尤为明显。

5、耳鸣与听力下降:部分患者可能出现耳鸣症状,多为高调的嗡嗡样或蝉鸣样声音,听力下降也是可能的症状之一。

三、治疗与护理

1、药物治疗:遵医嘱,根据病因开具合适的药物进行治疗。

2、高压氧治疗:通过提高血氧分压,迅速有效地纠正组织缺血、缺氧状况,改善病变部位的微循环。

3、物理康复治疗:由专业人员进行指导,进行反复性的头、颈、躯体训练,促进大脑重新建立良好的平衡。

4、手法复位治疗:针对良性位置性眩晕,通过改变患者的头位,使脱落的耳石回到半规管中,从而改善眩晕症状。

四、生活调养

1、饮食调养:饮食以富有营养以及新鲜、清淡为原则,多食蛋类、瘦肉、青菜以及水果,忌食辛辣以及肥腻的食物,如肥肉、油炸物、酒类、辣椒等。

2、精神调养:保持精神乐观,心情舒畅以及情绪稳定,避免抑郁、恼怒等精神刺激,对预防发病以及减轻发作症状十分重要。

3、休息起居:保证充足的睡眠,避免过度疲劳。避免头颈部左右、前后转动,以免诱发眩晕。选择安静的起居室进行休息,调暗光线,避免声和光的刺激。

4、前庭功能锻炼:经过前庭功能检查确定引起眩晕的体位和动作,避免诱发眩晕的体位,并从简单到复杂逐步开始锻炼。

五、就医建议

眩晕综合症患者应及时就医,明确病因,并在医生指导下进行针对性治疗。

眩晕综合症虽然病因复杂多样,但通过合理的治疗与生活调养,大多数患者的症状可以得到有效控制和缓解。希望大家能够重视眩晕综合症的健康宣教内容,积极预防和治疗眩晕综合症,提高生活质量。



མགོ་རླུང་ནད་ཀྱི་བརྟག་བཅོས།

མགོ་རླུང་ནད་ཀྱི་བརྟག་བཅོས།


མགོ་བོའི་གནས་སུ་རླུང་ཞུགས་པའམ་རླུང་ནད་མགོ་ལ་ཞུགས་པ་གང་རུང་དུ་ངོས་འཛིན་བྱས་ཆོག་པ་བཞིན།

 ནད་འདིའི་ངོ་བོ་ནི་རླུང་འཁྲུགས་པ་སྟེ་ཡན་ལག་བརྒྱད་པར། དེ་ལ་རླུང་ནི་འཁྲུགས་པ་ལས།། མུར་འགྲམ་གཉིས་སུ་ཤིན་ཏུ་ཟུག ། འགྲམ་སྔོ་ཕུག་པ་སྙམ་དུ་སེམས།། སྨིན་མའི་མཚམས་དང་དཔྲལ་བ་ནི།། ལྟུང་བ་སྙམ་སེམས་རབ་ཏུ་ན།། ཞེས་བསྟན་ཡོད་པ་ལྟར་མགོ་བོའི་གནས་སུ་འབྱུང་མང་པའི་རླུང་ནད་ཀྱི་རིགས་ཤིག་སྟེ་རྐྱེན་གང་རུང་གིས་བསྐྱེད་པའི་ཀླད་པའི་ཐད་ཀྱི་རླུང་ཁྲག་གི་རྒྱུ་བ་ཞན་པས་ཀླད་པའམ་དབང་རྩའི་བྱེད་ནུས་ཚུལ་བཞིན་མ་ཐོན་པའི་ནད་ཅིག་ཡིན།

གཅིག དབྱེ་བ།  

གནས་ཀྱི་དབྱེ་བ། གནས་གཙོ་བོ་དཔྲལ་བ་ནས་ལྡང་ཞིང་དབང་བོ་ཟི་ཐོམ་བྱེད་པ་སོགས་ཀྱི་ནད་རྟགས་གཙོ་བོར་སྟོན་པ་ལ་ཟི་ཐོམ་ནག་པོདང་། ནད་གཞི་ལྟག་པ་ནས་ལྡང་ཞིང་མགོ་འཁོར་བ་སོགས་ཀྱི་ནད་རྟགས་གཙོ་བོར་སྟོན་པའི་རིགས་ལ་ཉི་མ་ལྟག་འཁོར། རྣ་བ་འུར་བའི་ནད་རྟགས་གཙོ་བོར་སྟོན་པའི་རིགས་ལ་སྒྲ་བཅས་འོན་པཞེས་རྩ་བའི་རིགས་གསུམ།

ཉེས་པའི་དབྱེ་བ། མགོ་རླུང་རྐྱང་བ་དང་། རླུང་མཁྲིས་ལྡན་པ། བད་རླུང་ལྡན་པ་བཅས་སུ་བགར།

རླུང་མཁྲིས་ལྡན་པ་རླུང་ནད་ལྟ་བུར་བཅོས།། ཞེས་མགོ་རླུང་དང་མཚུངས་པར་བཅོས་ཆོག་པའི་ཚུལ་བསྟན་ཡོད་པ་དང་། གཞུང་ཁ་ཤས་སུ་རླུང་མཁྲིས་ལྡན་པའི་མགོ་ནད་འདི་ནི་གོང་གི་དབྱེ་བའི་ནང་གི་ཉི་མ་ལྟག་འཁོར་ཞེས་པ་ཡིན་ཚུལ་ཀྱང་གསུངས་འདུག བད་རླུང་ལྡན་པ་ནི་གནས་ཀྱི་དབང་གིས་བད་ཀན་ཤས་ཆེ་བའི་ཀླད་པའི་གནས་འདི་ལ་རླུང་ནད་ཞུགས་ཚེ་བད་ཀན་དང་བསྡོངས་བདེ་བ་སོགས་ཀྱི་དབང་གིས་གཞུང་ཁ་ཤས་སུ་མགོ་རླུང་གི་ནད་འདིར་བད་རླུང་མགོ་འཁོར་ཞེས་སུ་འབོད་ཚུལ་ཡོད།

གཉིས། གྱུར་ཚུལ།  

༡   ༽   ཁྲག་རྩའི་རྒྱུ་རྐྱེན། འདི་ནི་ཁྲག་ཚིལ་འཕེལ་བ་སོགས་ལས་ཁྲག་རྩའི་སྦུབས་སུ་བད་ཚིལ་རྒྱས་ཏེ་ཁྲག་རྩའི་བརྐྱང་བསྐུམ་བྱེད་ལས་ཉམས་ཤིང་སྦུབས་ཇེ་ཆུང་དུ་གྱུར་བ། ཡང་ན་སྐྲན་དང་རུས་འཛེར་ལྟ་བུ་རྐྱེན་གཞན་གྱིས་ཁྲག་རྩ་མནན་པ་སོགས་ཀྱིས་ཁྲག་རྒྱུན་འཁོར་སྐྱོད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ།

༢   ༽   ཁྲག་གི་སྒུལ་ཤུགས་ཀྱི་འགྱུར་བ། ཁྲག་ཤེད་དམའ་དྲགས་པ་དང་ཡང་ན་མཐོ་དྲགས་པ། སྙིང་ནད་གང་རུང་ལས་སྙིང་གི་ཁྲག་གཏོར་ཤུགས་ཇེ་ཆུང་དུ་སོང་བ།

༣   ༽   ཁྲག་གི་གྲུབ་ཆ་འགྱུར་བ། ཁྲག་གི་གྲུབ་ཆར་འགྱུར་བ་བྱུང་བས་བད་ཁྲག་འཕེལ་བ་སོགས་ཁྲག་གི་འབྱར་བག་རང་བཞིན་འཕེལ་ནས་འཁོར་སྐྱོད་ཇེ་དལ་དང་ཁྲག་ཁམས་ཀྱི་དྭངས་མའི་ཆ་ཟད་དེ་འཚོ་བཅུད་མཁོ་སྤྲོད་ཀྱི་བྱེད་ནུས་མ་ཐོན་པ། དཔེར་ན་ཁྲག་ཚིལ་འཕེལ་བ། ཕྲ་ཕུང་དམར་པོ་མང་འཕེལ་ནད་དང་ཟུངས་ཁྲག་ཟད་པ་ལྟ་བུ།

༤   ༽   ཁྲག་རྩ་ཕྲན་བུ་འགག་པ།  ཁྲག་རྩའི་སྦུབས་ངོས་སུ་བད་ཚིལ་ཆགས་པའམ་ཁྲག་འཁྱགས་ཆགས་པ་སོགས་བྱུང་ནས་ཀླད་པའི་གནས་ཀྱི་ཁྲག་རྩ་ཕྲན་བུ་འགག་སྟེ་ཀླད་པའི་ཁྲག་གི་འཁོར་རྒྱུན་ལ་འགལ་རྐྱེན་བཟོས་པ་བཅས་བཞི་བོ་དེ་ལས་མ་འདས་པས། ཀླད་པའི་གནས་སུ་ཁྲག་རྒྱུན་ཞན་པ་དེ་མགོ་རླུང་གི་ནད་གཞིའི་ཁྱབ་ཁོངས་སུ་ཚུད་ཡོད།

༥   ༽   ཆང་རག་སོགས་བསྟེན་པས་ཟས་སྤྱོད་མ་འཕྲོད་པ་ལས་མགོ་ཡུ་འཁོར་བ་དང་མགོ་བོ་ན་ལ་སྐྱུགས་མེར་ལངས་བ། སྙིང་ཁམས་མི་བདེ་བ།  མཐོང་ཤུགས་ཞན་ཞིང་། ཐོས་ཤུགས་ཞན་པ།

༦   ༽   མཇིང་ཚིགས་ལ་རུས་པ་འཕེལ་ནས་དབང་རྩར་ཕོག་ཐུག་བཏང་བ་ལས་ཁྲག་རླུང་རྒྱུ་བར་བཀག་རྐྱེན་བྱས་པས་ཀླད་པའི་གནས་སུ་ཁྲག་རྒྱུ་དུས་སུ་འཁོར་མ་ཐུབ་པ།

༧   ༽   ཀླད་པར་ཆུ་བསགས་པ་ལས་མགོ་བོ་འཁོར་ཞིང་། རྐང་བ་བརྟན་པོ་བྱེད་མི་ཐུབ་པར་གཡོ་བར་སྣང་བ་དང་། སྐྱུགས་མེར་ལངས་བ།  མགོ་ནང་འཐིབས་པ། མཐོང་ཤུགས་རབ་རིབ་ཡིན་པ་དང་།  ཐོས་ཤུགས་ཡང་ཞན་པ། 

གསུམ།ནད་རྟགས།

༡  སྤྱི་རྟགས། 

རྒྱུད་ལས། མདོར་བསྡུས་མགོ་རླུང་མགོ་འཁོར་རྣ་བ་འུར།། སྐྱུག་ཅིང་ལངས་ན་འགྱེལ་བུབ་ཕྱི་ཡུལ་འཁྱོམ།། ཞེས་གསུངས་པ་ནང་བཞིན།

ནད་རྟགས་གཙོ་བོ། མགོ་ཡུ་འཁོར་བ། རྣ་བ་འུར་བ། ལངས་ན་འགྱེལ་བུབ་ཕྱི་ཡུལ་འཁྱོམ།

ནད་རྟགས་ཕལ་བ། མགོ་ན་བ། ཡར་ལངས་ཚེ་མགོ་དང་ལུས་ལྷག་ཏུ་འཁོར་་ཞིང་གཡོ་བ།  སྐྱུག་མེར་ལངས་པ། ཟི་འཐོམ་བྱེད་པ། དྲན་པ་མི་གསལ་བ།   མིག་མི་གསལ་བ།  རྣ་བ་མི་གསལ་བ།  ནུབ་གཉིད་ཆུང་བ། སྙིང་མི་བདེ་བར་དབུས་ཡར་ལ་འཚངས་བ།

༢ བྱེ་བྲག་ནད་རྟགས། 

དང་པོ། ཟི་འཐོམ་ནག་པོ།

འབུམ་ཁུ་ཚུལ་ལས། དེ་ལ་ཡང་ཟི་འཐོམ་ནག་པོ་ཉི་མ་ལྟག་འཁོར་དང་།། སྒྲ་བཅས་འོན་པ་དང་ནི་རྣམ་པ་གསུམ།། ཟི་འཐོམ་ནག་པོ་དཔྲལ་བ་ནས།། ལྡང་ཞིང་མགོ་བོ་ཀུན་ཀྱང་ན།། མིག་ནི་ཟི་འཐོམ་མགོ་བོ་འཁོར།། ཧད་དེ་ལངས་ཕོག་འགྱེལ་བ་ཡོང་།། ཞེས་ནད་གཞི་དཔྲལ་བ་ནས་ལྡང་ཞིང་། དེ་ནས་རིམ་བཞིན་མགོ་བོ་ཀུན་ཀྱང་ན་སྲིད་པ་དང་། མིག་སོགས་དབང་བོ་རྣམས་ལ་ཟི་ཐོམ་ཡོང་ལ། མགོ་བོ་འཁོར་བ། ཧད་ཅེས་གློ་བུར་བའི་དོན་ཏེ་གློ་བུར་དུ་ལངས་ན་འགྱེལ་བུབ་བྱེད་པ་སོགས་ཀྱི་ནད་རྟགས་སྟོན་པ་ཞིག་ཡིན། གཞན་ཡང་། ཁུ་ཚུར་འབུམ་གྱི་གཞུང་ལས། རྟགས་ནི་ཟི་ཐོམ་རྟབ་རྟོབ་དྲན་མི་གསལ།། ཞེས་འགྲོ་བའི་ཚེ་རྟབ་རྟོབ་བྲེལ་ཟིང་གི་རྣམ་པ་ལྟ་བུ་དང་དྲན་པ་མི་གསལ་བའི་ནད་རྟགས་འབྱུང་ལ། གཞན་ཡང་མན་ངག་པོ་ཏི་དམར་པོ་ལས། ཟི་ཐོམ་ནག་པོ་དཔྲལ་བ་ནས།། ན་འམ་ཟི་ཐོམ་ནག་ཐོམ་དང་།། དམར་ཐོམ་སྐྱུགས་པ་ལ་སོགས་འབྱུང་།། འཁོར་ཞིང་མི་ན་བ་ཡང་སྲིད།།  ཞེས་མགོ་ན་ཞིང་། ཟི་ཐོམ་བྱེད་པ་ལ་ནག་ཐོམ་དང་དམར་ཐོམ་སོགས་མངོན་གྱུར་ཅིང་། སྐྱུགས་པ་འབྱུང་བ་སོགས་བསྟན་ཡོད། འདི་ལ་ཕྱི་ལུགས་གསོ་རིག་ལས་བསྟན་པའི་དལ་གཤིས་རང་བཞིན་གྱི་ཀླད་པའི་ཟུངས་ཁྲག་ཞན་པའི་ནང་གསེས་ལས་གཉིད་ལོག་འཕར་རྩའི་ཁྲག་རྒྱུན་ཞན་པ་སྟེ་ཀླད་པའི་མདུན་ཕྱོགས་ཀྱི་བྱེད་ལས་དང་འབྲེལ་ནས་སེམས་ཁམས་དང་དབང་ཤེས་ལ་འབྲེལ་བའི་ནད་རྟགས་སུ་ཟི་ཐོམ་དང་དྲན་པ་མི་གསལ་བ་སོགས་གཙོ་ཆེར་མངོན་པ་འདི་དང་འདྲ་ས་མང་ལ། ནད་ཀྱི་ལྡང་ཚུལ་ལས་ཐོག་མར་དཔྲལ་བ་ནས་ལྡང་བ་སོགས་ཀྱི་ཆ་ནས་ཀྱང་ཕྱོགས་མཐུན་དུ་སྣང་།

གཉིས་པ། ཉི་མ་ལྟག་འཁོར།

ཉི་མ་ལྟག་འཁོར་ནི་འབུམ་ཁུ་ཚུར་ལས། ཉི་མ་ལྟག་འཁོར་ལྟག་པ་ནས།། ཟུག་ལྡང་མགོ་བོ་ཀུན་ཀྱང་འཁོར།། ཁྱད་པར་འཆལ་བ་ལ་གནོད།། དེ་ཚེ་ཁ་བུབ་འགྱེལ་བའང་སྲིད།། ཞེས་གསུངས། ནད་གཞི་ལྟག་པ་ནས་ལྡང་ཞིང་། མགོ་འཁོར་བ། ཕྱག་འཚལ་བའི་དུས་ལྟ་བུ་ལངས་འདུག་མྱུར་ན་ཁྱད་པར་གནོད་ཅིང་། དེའི་ཚེ་ཁ་བུབ་འགྱེལ་བ་སོགས་ཀྱང་འབྱུང་སིད། དེ་ལ་ཁུ་ཚུར་འབུམ་ལས། ཉི་མ་ལྟག་འཁོར་འགྱེལ་ཞིང་མགོ་འཁོར་དང་།། སྐྱུགས་སྙམ་བྱེད་ཅིང་ས་གཞི་འཁོར་བར་བྱེད།། ཞེས་སྐབས་སུ་འགྱེལ་ཞིང་སྐྱུག་མེར་ལངས་པའི་ནད་རྟགས་འབྱུང་ཚུལ་སྐོར་ཡང་བསྟན་ཡོད་ལ། གསོ་དཔྱད་གཅེས་བསྡུས་རིན་ཆེན་ཕྲེང་བ་ལས། ཉི་མ་ལྟག་པར་འཁོར་ཞིང་འགྱེལ་བ་དང་།། སྐྱུག་ཉམས་བྱེད་ཅིང་ས་གཞིའང་འཁོར་སྙམས་བྱེད།། ཅེས་གནས་གཙོ་བོ་ལྟག་པ་ནས་ལྡང་ཞིང་། མགོ་འཁོར་ཞིང་སྐབས་སུ་འགྱེལ་སྙམ་བྱེད་ལ། ལངས་འདུག་མྱུར་དུ་ཁྱད་པར་གནོད་པ། སྐྱུགས་སྙམ་བྱེད་པ་བཅས་ཀྱི་ནད་རྟགས་གཙོ་བོར་སྟོན། འདི་ནི་ཕྱི་ལུགས་གསོ་རིག་ལས་དལ་གཤིས་རང་བཞིན་གྱི་ཀླད་པའི་ཁྲག་རྒྱུན་ཞན་པའི་ནང་གསེས་ཀྱི་ཕྱི་ནང་རྒྱུག་པའི་འཕར་རྩའི་ཁྲག་རྒྱུན་ཞན་པ་སྟེ་ཀླད་པའི་རྒྱབ་ཕྱོགས་ཀྱི་བྱེད་ལས་དང་འབྲེལ་ནས་མགོ་ཡུ་འཁོར་བ། མགོ་འཐིབས་པ། འགྲོ་ཚེ་འཁྱོམ་པ་སོགས་དང་། ནད་ཚབས་ཅུང་ལྕི་དུས་མགོ་ན་བ་དང་སྐྱུགས་མེར་ལངས་པ་སོགས་དང་། ནད་ཀྱི་གནས་ལྟག་པ་ཤས་ཆེ་བ་བཅས་འདྲ་ས་མང་པོ་འདུག གཙང་སྟོད་དར་མ་མགོན་པོས། རླུང་མཁྲིས་མུར་དཔྲལ་ན་བ་དང་།། མིག་དང་སྨིན་མ་ན་བ་ཡིན།། གྲང་དྲོ་ངེས་མེད་ལྟོགས་དུས་ན།། ཕྱེད་གོང་ན་ཞིང་ཕྱེད་འོག་བདེ།། སྐོམ་ཞིང་མགོ་འཁོར་རྩ་རྣམས་འཕར།། དེ་མིང་ཉི་མ་ལྟག་འཁོར་ཡིན།། རླུང་མཁྲིས་ལྡན་པའི་མགོ་ནད་ལ་ཉི་མ་ལྟག་འཁོར་ཞེས་པའི་མིང་བརྡ་དེ་སྦྱར་ཡོད། 

གསུམ་པ། སྒྲ་བཅས་འོན་པ།

སྒྲ་བཅས་འོན་པ་ཞེས་པ་ནི། འབུམ་ཁུ་ཚུར་ལས། སྒྲ་བཅས་འོན་པ་རྣ་བའི་ནད།། རྣག་བཅས་རྣག་མེད་གང་ཡང་ཡོད།། ཆུ་སྒྲ་སིལ་སྙན་ལ་སོགས་སྒྲ།། སྒྲ་མང་རྒྱུན་དུ་འབྱུང་བའང་སྲིད།། ཅེས་དང་། ཁུ་ཚུར་འབུམ་ལས། སྒྲ་བཅས་འོན་པ་རྒྱུན་དུ་སྒྲ་སྒྲོག་ཅིང་།། རྣ་བའི་དབང་པོ་འོན་པར་བྱེད།།  ཅེས་དང་། པོད་དམར་ལས། སྒྲ་བཅས་འོན་པ་རྣ་བ་ནས།། ཟུག་ལྡང་ཟུག་ནི་མཆེད་པའམ།། སྣག་རྣག་བཅས་ནི་མེད་པ་སྟེ།། ཆུ་སྒྲ་སིལ་སྙན་སྣ་ཚོགས་དང་།། ཅ་ཅོ་སྣ་ཚོགས་སྒྲ་རྣམས་འབྱུང་།། དེ་ནས་མགོ་བོ་ཀུན་ཀྱང་ན།། ཆུ་སྐོར་རྔ་སྒྲ་ལ་སོགས་སྤངས།། ཞེས་དང་། མན་ངག་རིན་ཆེན་འབྱུང་གནས་ལས། སྒྲ་བཅས་འོན་ལ་རྣག་ཡོད་རྣག་མེད་གཉིས།། གང་ཡང་རྣ་བ་སྒྲ་བཅས་འོན་པར་འགྱུར།། ཞེས་བསྟན་པ་བཞིན་ནོ།།

བཞི།གཞོགས་འདེགས་བརྟག་དཔྱད།  

ཀླད་རིས་དང་ཀླད་པའི་ཁྲག་རྩའི་གྲུབ་གཟུགསCTAསམ་ཡང་ནMRA ཀླད་པའིTCD  མཇིང་པར་ཚོན་ལྡན་སྒྲ་རླབས་ཀྱིས་བརྟག་པ།    ཀླད་པའི་ནང་རོལ་གྱི་གནོན་ཤུགས་ལ (脑内压监测) སོགས་ལ་བརྟག་ན་གསལ་འབྱེད་ཐུབ། (耳石筛查)

ལྔ། གསོ་བཅོས། 

གཅིག གསོ་ཚུལ།

བུ་ག་དག་པར་སྦྱོང་བ་དང་རླུང་བཅོས་དང་གདོན་སྲུང་བྱེད་པ། ཁྲག་རླུང་སྙོམས་པར་རྒྱུ་བ། ཆུ་སེར་སོགས་སྐེམ་པར་བྱེད་པ།  གཞན་བླ་གཉན་གྱི་ནད་ལ་མཉམ་འཇོག་བྱེད་དགོས། 

གཉིས། གསོ་ཐབས།

སྨན།  མུ་ཏིག་བདུན་ཅུ་དང་།  བྱུར་དམར་ཉེར་ལྔ།   བདུད་རྩི་བཅུ་གཅིག  བདུད་རྩི་བཅུ་གསུམ། (ཨ་གར་བརྒྱད་པ། བདུད་རྩི་སུམ་སྦྱོར། ཙན་དཀར་དང་བ་ཤ་ཀ་ཁ་ཚར། )  ལུག་ཀླད་རིལ་བུ། ཛ་ཏི་བཅུ་བཞི། གོ་སྙོད་སུམ་ཐང་། ས་འཛིན་ཉེར་ལྔ་། བསམ་ཁྱུང་། བླ་མེད། ཨ་སྤོས། ཐང་ཆེན་ཉེར་ལྔ། བརྒྱད་ལྔ། འབྲས་བུ་སུམ་ཐང་སོགས་གང་ནད་གཞི་དང་བསྟུན་ནས་བསྟེན།

དཔྱད།   མགོར་རྫ་དུགས་རྒྱག་པའམ་རྫ་མའི་འཕྲུལ་འཁོར་སྐོར་བ། མགོ་ལུམས། ཧོར་མེ་རྒྱག་པ།    སྐམ་ཁབ། གཏར་ག རྡོ་དུགས། བསྐུ་མཉེ། སྣ་སྦྱོང་། ཀླད་པའི་ནང་རོལ་གྱི་དབང་རྩར་ཕོག་ཐུག་གཏོང་བ། (经颅磁治疗仪) འགུལ་ཚད་འབྲིང་བའི་སྨན་བཅོས། (中频治疗སྡུད་སྒོ་བཞི་དང་འདུས་སོ་གསུམ་བསྲེག་པ། བཅིངས་ལུམས། སྣུམ་བྱུག མེ་བཙའ་སོགས་ནད་བབས་དང་བསྟུན་ནས་དགོས་བསྟེན་པ།   

ནད་གཞིའི་རྒྱུ་རྐྱེན་དང་གཞོགས་འདེགས་བརྟག་དཔྱད་ལ་གཞིགས་ནས་མཇིང་ཚིགས་ལ་རུས་པ་འཕེལ་བའི་རྐྱེན་ཡིན་ཚེ་མཇིང་ཚིགས་འཐེན་བཅོས་ (颈椎牵引)བྱེད་པ།  

ཟས།   རོ་ཁ་བ་དང་། བསིལ་ལ་རྟུལ་བ་དང་ཡང་བ་རྩུབ་པའི་རིགས་སྤང་། ཏིལ་མར་དང་ལུག་ཤ འབྲི་མར། ལོ་མར། བུ་མར། སྒོག་སྐྱ། ཙོང་སོགས་སྣུམ་བཅུད་དྲོད་ཀྱི་རིགས་བསྟེན། 

སྤྱོད་ལམ། ངལ་དུབ་དང་འུར་སྒྲ སེམས་ལས་ཆེ་བ་སོགས་ལ་འཛེམ་དགོས། སེམས་མི་སྐྱིད་པའི་གནས་དང་སེམས་ལ་མི་འདོད་པའི་ཚིག་སོགས་ལ་འཛེམ།



རྩོམ་ཞུས།  ཤིན་ཞའོ་ཀོང་།

审 核:辛晓光

རྩོམ་ཁུངས།  ཀླད་ནད་ཚན་ཁག  ཁམས་གསོ་ཚན་ཁག

供稿: 脑病科、康复科

རྩོམ་སྒྲིག  དྲིལ་སྒྲོག་འཐབ་གཅིག་ཚན་ཁག

编 辑:宣传统战科

图片


分享到:
上一篇:【科普】全国爱肝日——呵护您的小心肝!མཆིན་པར་གཅེས་སྐྱོང་བྱེད།

下一篇:【健康科普】གཉིད་མི་ཁུག་ན་ཅི་ལྟར་བྱ།

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部