中文版 | 藏文版
当前位置 - > 首页 > 科普教育 > 科普园地

【科普】藏医如何治疗外耳道瘙痒?རྣ་ཁུང་དུ་ཟ་འཕྲུག་ལངས་པའི་བརྟག་བཅོས།


日期:2025-06-27 14:58:47  点击:  所在栏目:科普园地

རྣ་ཁུང་དུ་ཟ་འཕྲུག་ལངས་པའི་བརྟག་བཅོས།


   


图片 1.jpg

གཅིག  རྒྱུ་རྐྱེན། 

རྣ་བར་རྒྱུན་པར་ཟ་འཕྲུག་ལངས་པའི་རྒྱུ་རྐྱེན་ནི་ཟས་ཚ་སྐྱུར་དང་དཀར་མངར་སོགས་བསྟེན་དྲག་པས་མགོར་གནས་པའི་སྲིན་བུ་འཁྲུགས་པ་ལས་བསྐྱེད་པ་དང་། དེ་ཡང་སྲིན་ལ་དབྱེ་ན། རླུང་དང་མཁྲིས་པ། ཁྲག བད་ཀན་བཅས་རིགས་ཆེན་པོ་བཞི་རུ་དབྱེ། འདིར་བསྟན་པས་ཟ་འཕྲུག་སློང་བྱེད་ཀྱི་ནད་རྒྱུ་སྲིན་བུ་ནི་གཙོ་བོ་མགོར་གནས་པའི་ཡ་མ་དཀར་བོ་ལས་གྱུར་པས་རླུང་སྲིན་ཡིན་ཏེ།  གསོ་བ་རིག་པའི་གཞུང་རྒྱུད་དོན་སྙིང་པོ་དགོས་འདོད་ཀུན་འབྱུང་ལས། རྣ་ནད་ཀྱི་རྒྱུ་རྐྱེན་བསྟན་པའི་སྐབས་སུ། རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་འདུ་བ་འཁྲུགས།། ཕལ་ཆེར་རླུང་སྲིན་ཁྲག་ལས་བྱུང་བ་མང་།།  ཞེས་དང་། དེ་མིན་དགོས་པ་ཀུན་འབྱུང་ལས། རླུང་སྲིན་ཡ་མ་དཀར་པོ་བློན་པོ་དང་འདྲ་སྟེ་ལྗོན་ཤིང་ལ་གནས།།  ཞེས་གསུངས་ཡོད་པ་སོགས་ཀྱིས་གསལ་བོར་རྟོགས་ཐུབ། 


གཉིས།  ནད་རྟགས། 

རྣ་ཁུང་དུ་ཟ་འཕྲུག་དྲག་པོ་ལངས་ནས་འཕྲུག་འདོད་པ། མཚན་མོ་དང་ཐོ་རེངས་དུས་སུ་ནད་རྟགས་ཆེར་མངོན་པ།  རྒྱུན་པར་རྣ་བ་སློག་པ་དང་ནད་གཞི་ཡུན་རིང་འགོར་རྗེས་རྣ་ཁུང་དུ་ཆུ་སེར་འཛག་སྟེ་གང་རེག་ཏུ་འབྲུམ་ཐོར་འབྱུང་བ། རྣ་ཁུང་གཡས་གཡོན་གྱི་པགས་པ་ཇེ་མཐུག་ཏུ་སོང་ནས་ཤུ་བ་འདོན་པ་སོགས་ཀྱི་ནད་རྟགས་མངོན། 

图片2.jpg

གསུམ།  བཅོས་ཐབས།

ཟས།  དྲོད་བཅུད་ཅན་གྱི་རིགས་རན་པར་ཟོས་ནས་ཚ་སྐྱུར་དང་དཀར་མངར་ལ་འཛེམ་པ།  

སྤྱོད།  རྣ་ཁུང་དུ་བཙོག་པ་ཅན་གྱི་ཆུ་མི་འགྲོ་བ་དང་། རྒྱུན་པར་རྣ་ཁུང་དུ་གང་འདོད་དུ་སློག་པའི་སྦྱོད་ངན་སྤང་དགོས།

སྨན།  རྣ་བ་ནི་མཁལ་མའི་མེ་ཏོག་དུ་མངོན་པས། ཁོང་སྨན་དུ་གོ་ཡུ་བདུན་པ་དང་གསོ་བྱེད་ཉི་མའི་དཀྱིལ་འཁོར་སོགས་མཁལ་དྲོད་གསོ་བའི་སྨན་སྦྱོར་གྱི་རྨང་གཞིའི་སྟེང་གུར་ཁྱུང་དང་།  ཨར་བརྒྱད་སྲིན་སྨན་བསྟེན་དགོས། གལ་ཏེ་ནད་རྟགས་ཚབས་ཆེ་རུ་ཕྱིན་ནས་རྣ་ཁུང་དུ་ཆུ་སེར་འཛག་པ་དང་གང་རེག་ཏུ་འབྲུམ་ཐོར་བྱུང་ན་ཆུ་སེར་སྐེམ་བྱེད་ཀྱི་ཁོང་སྨན་སྤོས་དཀར་བཅུ་བ་དང་དངུལ་ཆུ་བཅོ་བརྒྱད་སོགས་ཁ་སྣོན་བྱེད་དགོས།  ཕྱི་བཀོད་དུ་ཐོག་མར་ཟ་འཕྲུག་ལངས་པའི་སྐབས་སུ་རང་སྨན་ཁང་གི་གསར་ཏུ་སྦྱོར་བཟོ་བྱས་པའི་བདུད་རྩི་སྙན་གསལ་རྣ་ཁུང་དུ་བཏིག་ན་ཕན་བསྐྱེད་ཆེ།  རྣ་ཁུང་དུ་ཆུ་སེར་དང་ཤུ་ཐོར་བྱུང་ན་ཀྱི་ལྕེ་ཉེར་ལྔ་སོགས་བྱུག་སྨན་བསྟེན་དགོས།

      དཔྱད།  རྣ་རྩེ་རུ་ཁྲག་ཉུང་ཙམ་གཏར་ན་ལེགས།



རྩོམ་ཞུས།   ཤིན་ཞའོ་ཀོང་།

审 核: 辛晓光

རྩོམ་ཁུངས། རྣ་སྣ་གྲེ་ནད་ཚན་ཁག
供 稿:耳鼻喉科
རྩོམ་སྒྲིག  དྲིལ་སྒྲོག་འཐབ་གཅིག་ཚན་ཁག

编 辑:宣传统战科



分享到:
上一篇:【科普】藏医药智慧赋能糖尿病管理

下一篇:【科普】藏医饮食禁忌——不能共食的饮食

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部