༡ཐ་མག་ནི་གློ་བའི་འབྲས་སྐྲན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པས་ངེས་པར་དུ་ཐ་མག་དང་རིང་དུ་གྱེས་དགོས།

༢ ཐལ་རྡུལ་ཆེ་བའི་འཁོར་ཡུག་དུ་བསྡད་དྲགས་ན་གློ་བའི་རྩ་སྦུབ་ལ་ནད་འགྱུར་བྱུང་ནས་གློ་འབྲས་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེ་བས་དུས་རྒྱུན་ཐལ་རྡུལ་ཆེ་བའི་འཁོར་ཡུག་དང་རིང་དུ་གྱེས་དགོས།

༣ ཁ་ཟས་སུ་རུལ་སྐྱུར་དང་ཟོ་མར། ཚྭ་མང་བའི་ཟས་རིགས་བསྟེན་པ་ནི་གློ་འབྲས་ནད་ཀྱི་ཐད་ཀའི་རྒྱུ་རྐྱེན་ཡིན་པས།

༤ ཆམ་པ་བཅོས་ཉེས་པའི་དབང་གིས་གློ་འབྲས་འབྱུང་སྲིད་པས་གློ་ཆམ་ནད་ལ་སྔོག་འགོག་བྱེད་པའམ་གློ་ཆམ་ཕོག་རྗེས་ནད་གཏིང་ཐོན་པ་བྱེད་དགོས།
༥རང་ཉིད་ལ་གློ་གཅོང་གི་ནད་དང་། ཁྱིམ་རྒྱུད་ལ་གློ་འབྲས་བྱུང་བའི་ནད་རྒྱུས་ཡོད་པ་རྣམས་ལ་གློ་འབྲས་འབྱུང་བའི་ཉེན་ཁ་ཆེ་བས་ངེས་པར་དུ་ལོ་རེར་ལུས་ཕུང་ལ་བརྟག་དཔྱད་བྱེད་རྒྱུ་གལ།